43897
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྗེ་འདི་བ་མདོ་སྨད་རེ་སྐོང་རོང་བོའི་ནང་སོའི་ལྷ་འབངས་རོང་བོ་སྡེ་བདུན་དུ་གྲགས་པའི་ཡ་གྱ་ཐེ་བུ་རུ་ཕྱི་ལོ་ ༡༩༣༨ ལོར་ཡབ་ཕུར་བ་ཚེ་རིང་དང་ཡུམ་ལྷ་མོ་སྐྱིད་གཉིས་ཀྱིས་སྲས་སུ་འཁྲུངས། པཎ་ཆེན་སྐུ་ཕྲེང་དགུ་བས་སྐུ་གོང་མའི་ཡང་སྲིད་དུ་ངོས་བཟུང། མདོ་དབུས་གཉིས་སུ་གཞུང་ཆེན་ཁག་ལ་ཐུགས་གཉེར་གྱིས་མཁས་གྲགས་ཆེ། སྔ་ཕྱིར་གཙོས་མི་རིགས་སློབ་འབྲིང་དང། པེ་ཅིང་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་སོགས་སུ་རིགས་གཞུང་འཆད་ཁྲིད་གནང་ཞིང་ད་ལྟའང་གཙོས་མི་རིགས་དགེ་ཐོན་སློབ་གྲྭ་ཆེན་མོའི་སློབ་དཔོན་གྱི་མཛད་ཁུར་སྐྱོང་བཞིན་བོད་གངས་ཅན་གྱི་ཆོས་རིག་བསྐྱར་གསོའི་འགན་རླབས་ཆེན་སྒྲུབ་མུས་སུ་ཡོད། ལོ་མང་རིང་བཙོན་དུ་བཅུག་སྐབས་ཀྱང་ཆོས་སྣམ་གྱི་བྱིན་རླབས་མ་ཤོར་བ་སོགས་འདུལ་བའི་ཀུན་སྤྱོད་ཞིབ་པའི་གྲགས་པ་ཆེ། གསུང་རྩོམ་པོད་དྲུག་བཞུགས། |