43899

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསེ་སྐུ་ཕྲེང་ལྔ་བ་བློ་བཟང་བཀྲ་ཤིས་འཕྲིན་ལས་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རྗེ་འདི་ཉིད་རབ་བྱུང་བཅོ་ལྔ་བའི་ལྕགས་སྟག་ཕྱི་ལོ ༡༨༩༠ ལོར་མདོ་སྨད་རེ་སྐོང་ས་སྐྱོང་ནང་སོའི་ཁྱིམ་དུ་འཁྲུངས། དགུང་ལོ་བདུན་པར་གཏེར་ལུང་དུ་གདན་སར་བཀོད། རོང་བོ་དགོན་ཆེན་དུ་ཐུགས་གཉེར་གྱིས་མཁས་པར་གྱུར། དགུང་གྲངས་སུམ་བཅུ་པར་རོང་བོ་དགོན་ཆེན་གྱི་ཚོགས་ཆེན་ཁྲིར་ཕེབས། གཏེར་ལུང་དགོན་ཁ་ཆེའི་ཇག་དམག་གིས་བཅོལ་བསྲེགས་བྱས་པ་བསྐྱར་གསོ་གནང། དགུང་ལོ་ཞེ་བདུན་པ་ཕྱི་ལོ་ ༡༩༣༧ ལོར་གཏེར་ལུང་དུ་ཞི་བར་གཤེགས།