44003
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | བོན། དཔལ་མགོན་བརྒྱ་རྩ་བརྒྱད་ལས་བསྟན་པའི་བཀའ་སྲུང་སྐོར་ཞིག་སྟེ། རྣམ་པར་རྒྱལ་བའི་མཆོད་བསྐང་ལས། བསོད་ནམས་རྒྱུན་རྒྱལ་བཅུ་གསུམ་ཡང། ཞེས་སོ། །བཅུ་གསུམ་ནི། དཔལ་མགོན་ཀླུ་རྒྱལ་འཇོག་པོ། ཀླུ་མོ་ཆེན་མོ་མ་མ། ཀླུ་མོ་ཆེན་མོ་དུང་སྐྱོང་མ། ཀླུ་མོ་ཆེན་མོ་འོད་འཕྲོ་མ། ཀླུ་མོ་ཆེན་མོ་རིང་ནམ་མ། ཀླུ་མོ་ཆེན་མོ་ཏིང་གཙུག་མ། ཀླུ་མོ་ཆེན་པོ་ཏ་ཏི་མ། ཀླུ་མོ་ཆེན་མོ་ཀུན་འབྱོང་མ། ཀླུ་མོ་ཆེན་མོ་ཀོང་ཕུད་མ། ཁྱུ་མཆོག་རྟག་ལྷ་དབང་ཕྱུག་མོ། དཔལ་མགོན་ནོར་མཆོག་དཔལ་ཕྱུག་མ། དཔལ་མགོན་གཡང་མཆོག་ཡོངས་ཕྱུག་མ། དཔལ་མགོན་ཟས་མཆོག་སྲིད་ཕྱུག་མ་བཅས་ཡིན་ནོ། །དེ་དག་གི་སྐུ་མདོག་སོགས་ནི་རྣམ་རྒྱལ་མཆོད་གཞུང་ལ་གཟིགས། |
Domain | ཆོས་ལུགས། |
{{#arraymap:བསོད་ནམས་རྒྱུན་རྒྱལ་བཅུ་གསུམ་
|; |@@@ | | }}