44007

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསོད་ནམས་རྣམ་པར་འཕེལ་བའི་རྩེ་སྦྱོར་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། འཛམ་བུ་གླིང་གི་སྐྱེ་བོས་མཚོན་པའི་སྟོང་གསུམ་གྱི་སེམས་ཅན་ཇི་སྙེད་ཀྱིས་སངས་རྒྱས་མཆོད་པའི་དགེ་བ་ལ་སོགས་པ་རྣམ་པ་མང་དུ་དཔེར་མཛད་པ་དེ་བས་ཀྱང་བསོད་ནམས་ཆེས་ལྷག་པ་ཐོབ་པའི་བྱང་སེམས་སྦྱོར་ལམ་རྩེ་མོ་ལ་གནས་པའི་ཡེ་ཤེས་ཤིག་ལ་ཟེར། དེ་ལ་དབྱེ་ན། པཎ་ཆེན་གྱི་ཕར་ཕྱིན་རྩ་ཊཱིཀ་ལས། རྣམ་འཕེལ་བཅུ་དྲུག་པོ་གང་ཞེ་ན། བཤད་དུ་ཡོད་དེ། འཛམ་བུ་གླིང་ལ་སོགས་པ་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་ཀྱིས་དེ་བཞིན་གཤེགས་པ་ལ་མཆོད་པ་བས་བསོད་ནམས་ཆེས་ལྷག་པའི་རྣམ་འཕེལ་དང༌། བསོད་ནམས་དེ་བས་ཁྱད་པར་དུ་འཕགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་བྱེད་པ་དང༌། མི་སྐྱེ་བའི་ཆོས་སྟོང་པ་ཉིད་ལ་བཟོད་པ་ཐོབ་པ་དང༌། བྱང་ཆུབ་པར་བྱ་བ་དང་བྱང་ཆུབ་པར་བྱེད་པའི་རྒྱུ་འབྲས་ཀྱི་ཆོས་རྣམས་དོན་དམ་པར་མི་དམིགས་པར་རྟོགས་པ་དང༌། འཛམ་བུ་གླིང་གི་སེམས་ཅན་རྣམས་དགེ་བ་བཅུ་ལ་སོགས་པ་དང་བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་ཐོབ་པ་ལས་བསོད་ནམས་ཁྱད་པར་དུ་འཕགས་པ་ཐོབ་པ་དང༌། ལྷའི་རིས་ཐམས་ཅད་ཀྱི་གནོད་པ་མི་བྱེད་པར་གུས་པས་དྲུང་དུ་ཉེ་བར་འོངས་པ་དང༌། བདུད་ཐམས་ཅད་ཟིལ་གྱིས་གནོན་པ་དང༌། རང་དང་ཐེག་པ་གཅིག་ལ་ཞུགས་པའི་སྐྱེ་བོ་བྱང་སེམས་གཞན་ལ་སྟོན་པ་དང་འདྲ་བར་གུས་ཤིང༌། བསླབ་པ་མཚུངས་པར་གནས་པ་ཞེས་བྱ་བ་གང་ཟག་གཞན་ལ་ལྟོས་པས་ཕྱི་གཙོ་བོར་གྱུར་པའི་བསོད་ནམས་རྣམ་པ་བརྒྱད་དང༌། ཡང་རྣམ་པ་ཐམས་ཅད་དུ་ཚོགས་གཉིས་ཀྱི་ཐབས་ལ་མཁས་པས་ཤེས་རབ་ཀྱི་བསླབ་པ་ཡོངས་སུ་དག་པ་དང༌། རྩེ་མོའི་ཤེར་ཕྱིན་གྱི་མཐུས་སངས་རྒྱས་ཀྱི་རིགས་ཅན་དུ་འགྱུར་བ་དང༌། འབྲས་བུ་སངས་རྒྱས་ཉིད་འཐོབ་པའི་རྒྱུ་མཚན་སྦྱོར་བ་དང་མཚུངས་ལྡན་གྱི་སེམས་བསྐྱེད་སོགས་ཐོབ་པ་དང༌། ཕ་རོལ་ཏུ་ཕྱིན་པའི་མི་མཐུན་ཕྱོགས་ཀྱི་སེམས་སེར་སྣ་སོགས་མི་སྐྱེ་བ་དང༌། གཟུགས་ལ་སོགས་པ་ལ་བདེན་པར་འཛིན་པའི་བདེན་འཛིན་ཀུན་བཏགས་མངོན་གྱུར་པ་དང་ལྡན་པར་རྟོགས་པའི་སེམས་རབ་ཏུ་མི་སྐྱེ་བ་དང༌། ཤེར་ཕྱིན་གྱི་ནང་དུ་ཕ་རོལ་ཏུ་ཕྱིན་པ་ཀུན་བསྡུས་པ་ཤེས་པ་དང༌། ཐེག་པ་གསུམ་གྱི་རྟོགས་རིགས་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པ་དང༌། ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཉེ་བར་གྱུར་པ་ཞེས་བྱ་བ་བསོད་ནམས་སྔ་མ་ལས་གཞན་རྣམ་པ་བརྒྱད་དེ་བཅུ་དྲུག་ཡོད་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།

{{#arraymap:བསོད་ནམས་རྣམ་པར་འཕེལ་བའི་རྩེ་སྦྱོར་

|; |@@@ | | }}