44056

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྐལ་ཆེན་ (1)
Part of speech མིང་ཚིག
Definition མདོ། མངོན་པ། བསྐལ་ཆེན་ངོས་འཛིན་ཡོད་དེ། བར་བསྐལ་བརྒྱད་ཅུ་ལ་བསྐལ་ཆེན་གཅིག་ཏུ་བྱེད་པ་ཡིན་པའི་ཕྱིར། བསྐལ་ཆེན་གྱི་ཞར་བྱུང་བཤད་པ། སངས་རྒྱས་འབྱུང་ཚུལ་ཡོད་དེ། བསྐལ་ཆེན་གྲངས་མེད་གསུམ་གྱི་ཚོགས་བསགས་པ་ལ་བརྟེན་ནས་སངས་རྒྱས་འབྱུང་ཞིང་། དེ་ཡང་ཡར་འཕེལ་གྱི་དུས་སུ་འཁོར་བ་ལ་སྐྱོ་ཤས་ཆུང་བས་མི་འབྱུང་ལ། བརྒྱད་ཁྲི་པ་མར་འགྲིབ་པ་ནས་བཟུང་སྟེ་ཚེ་ལོ་བརྒྱ་པའི་བར་ལ་འབྱུང་བའི་ཕྱིར། ཚེ་ལོ་བརྒྱ་པ་ནས་མར་འགྲིབ་པའི་དུས་སུ་མི་འབྱུང་སྟེ། སེམས་ཅན་རྣམས་སྙིགས་མ་ལྔས་ཤིན་ཏུ་སྦགས་པའི་ཕྱིར།
Domain ཆོས་ལུགས།