44057

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྐལ་ཆེན་གཅིག་ (1)
Part of speech མིང་ཚིག
Definition མདོ། མངོན་པ། བོན། བར་བསྐལ་བརྒྱད་ཅུའི་ཡུན་ཚད་ལ་བསྐལ་པ་ཆེན་པོ་གཅིག་དང། བར་བསྐལ་བརྒྱད་ཅུའི་གོ་དོན་ནི། བསྐལ་བ་ཆེན་པོའི་དུམ་བུ་བཞིའི་ནང་ཚན། ཆགས་བསྐལ་ལ་བར་གྱི་བསྐལ་པ་ཉི་ཤུ། དེ་བཞིན་དུ་གནས་བསྐལ་ལ་བར་གྱི་བསྐལ་པ་ཉི་ཤུ། འཇིག་བསྐལ་ལ་བར་གྱི་བསྐལ་པ་ཉི་ཤུ། སྟོང་བསྐལ་ལ་བར་གྱི་བསྐལ་པ་ཉི་ཤུ་བཅས་གཅིག་ཏུ་བསྡོམས་པའི་བརྒྱད་ཅུ་ཐམ་པ་ཡིན་ཏེ། མདོ་དྲི་མེད་གཟི་བརྗིད་ལས། ཆགས་གནས་འཇིག་དང་སྟོང་པ་ནི། ལོ་ཟླ་ཞག་ལ་ཚད་འཛིན་ཏེ། ཉི་ཟླ་རི་རབ་ལོག་ལ་འཁོར། དེ་ལ་ཞག་ཏུ་རྩི་བ་དེ། ལོགས་གཉིས་ཉིན་ལ་ལོགས་གཉིས་མཚན། ཉིན་མཚན་གཅིག་ཏུ་རྩི་བ་ཞག དེ་འདྲ་སུམ་ཅུ་ཟླ་བ་གཅིག ཟླ་བ་བཅུ་གཉིས་ལོ་བསྐོར་གཅིག ལོ་བསྐོར་བཅུ་གཉིས་ལོ་རྒན་གཅིག ལོ་རྒན་དྲུག་ཅུ་ལས་བསྐལ་གཅིག ལས་བསྐལ་དྲུག་ཅུ་དུས་བསྐལ་གཅིག དུས་བསྐལ་དྲུག་ཅུ་ཚེ་བསྐལ་གཅིག ཚེ་བསྐལ་དྲུག་ཅུ་བསྐལ་ཕྲན་གཅིག བསྐལ་ཕྲན་བརྒྱད་ཅུ་བར་བསྐལ་གཅིག བར་བསྐལ་བརྒྱད་ཅུ་བསྐལ་ཆེན་གཅིག་གོ །ཞེས་གསུངས་སོ། །
Domain ཆོས་ལུགས།