44058
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | བར་གྱི་བསྐལ་པ་བརྒྱད་ཅུ་ལ་བསྐལ་ཆེན་གཅིག་དང་དེ་ལྟ་བུ་བརྩི་གཞི་བྱས་ཏེ་བརྩིས་པས་གྲངས་གནས་དྲུག་ཅུའི་མཐའ་མ་སྟེ། དེ་ནི་གྲངས་གནས་ཀྱི་མཐའ་མ་དང་གྲངས་ཚད་མཐོ་ཤོས་ཡིན་ནོ། །གྲངས་གནས་དྲུག་ཅུ་ནི་འདི་ལྟར་སྟེ། གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་དང་། །ས་ཡ་བྱེ་བ་དུང་ཕྱུར་རྣམས། །རྐྱང་པ་ཡིན་པར་ཤེས་པར་བྱ། །ཐེར་འབུམ་ཁྲག་ཁྲིག་རབ་བཀྲམ་དང་། །གཏམ་དཀྲིགས་མི་འཁྲུགས་ཁྱད་ཕྱིན་དང་། །པད་སྟེང་དེད་འདྲེན་མཐའ་སྣང་དང་། །རྒྱུ་རིག་འོད་མཛེས་དབང་ལེགས་ཕྱིན། །རྟོགས་འགྲོ་འབྱིང་རྡུལ་རྒྱུ་རྟགས་དང་། །སྟོབས་འཁོར་བརྡ་ཤེས་རྣམ་འབྱུང་དང་། །སྟོབས་མིག་རྣམས་ནི་ཟུང་གི་གྲངས། །ཆེན་པོ་དང་ནི་བཅས་པ་སྟེ། །བར་ནས་བརྒྱད་ནི་མ་རྙེད་དོ། །དེ་མཐར་གྲངས་མེད་བཞག་པ་ཡིན། །དུང་ཕྱུར་མན་ཆད་དག་ཏུ་ནི། །གང་ཡང་རུང་བ་བརྒྱད་བསྣོན་ཏོ། །ཞེས་ལུང་སིལ་བུ་ལས་གསུངས་སོ། ། |
Domain | ཆོས་ལུགས། |
{{#arraymap:བསྐལ་ཆེན་གྲངས་མེད་པ་
|; |@@@ | | }}