44059
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | བྱེ་བྲག་སྨྲ་བ། སྤྱིར་བསྐལ་དོན་ཞེས་པ་ནི། ཡུལ་ཧ་ཅང་ཐག་རིང་བ་དང། དུས་ཡུན་རིང་བ་དང་། དོན་རབ་ཏུ་དབྱེ་བ་མཐའ་ཡས་པ་དང་། ཆོས་ཀྱི་ངོ་བོ་ཕྲ་བའི་བསྐལ་དོན་དང་བཞི་ཡོད་དེ། ཆོས་མངོན་མཛོད་ཀྱི་འགྲེལ་བ་མངོན་པའི་རྒྱན་ལས། ཆོས་དང། ཡུལ་དང་། དུས་དང་། དོན་རབ་ཏུ་དབྱེ་བ་མཐའ་ཡས་པ་རྣམས་ལ་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ཡོད་པ་ཉིད་དོ། །ཞེས་གསུངས་པའི་ཕྱིར། |
Domain | ཆོས་ལུགས། |
{{#arraymap:བསྐལ་དོན་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | མདོ་སྡེ་བ། ཚུར་མཐོང་གི་ཚད་མས་བལྟར་མི་རུང་བའི་ཆོས་ལ་བསྐལ་དོན་བྱས་ཀྱང་བྱ་སྟེ། རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་ཀྱིས་མཛད་པའི་ཚད་མའི་བསྟན་བཅོས་ཆེན་མོ་རིགས་པའི་རྒྱན་ལས། ཡོད་ཀྱང་ཚུར་མཐོང་གི་ཚད་མས་བལྟར་མི་རུང་བས་བསྐལ་དོན་དུ་བརྗོད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། |
{{#arraymap:བསྐལ་དོན་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | གང་ཟག་དེའི་ཚད་མས་དམིགས་མི་རུང་བ་ལ་གང་ཟག་དེ་ལ་བསྐལ་དོན་ཞེས་བྱ་སྟེ། རྗེ་བདག་ཉིད་ཆེན་པོའི་གསུང་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། གང་ཟག་དེའི་བསྐལ་དོན་གྱི་མཚན་ཉིད། ཡོད་ཀྱང་གང་ཟག་དེའི་ཚད་མ་ལ་བལྟར་མི་རུང་བ། དབྱེ་ན་གང་ཟག་དེ་ལ་ཡུལ་གྱིས་བསྐལ་བའི་བསྐལ་དོན། དུས་ཀྱི་བསྐལ་བའི་བསྐལ་དོན། རང་བཞིན་གྱིས་བསྐལ་དོན་དང་གསུམ། ཅེས་གསུངས་པའི་ཕྱིར། |
{{#arraymap:བསྐལ་དོན་
|; |@@@ | | }}