44062

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྐལ་པ་ཀུན་བཀོད་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། སྔར་བྱུང་ཟིན་པའི་སྒྲོན་མའི་བསྐལ་པ་ཞིག་སྟེ། མདོ་དགོངས་པ་འདུས་པ་ལས་གསུངས་པ་ལྟར་ད་ལྟའི་བསྐལ་པ་འདི་ནས་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་དུ་བྱུང་ཞིང་བསྐལ་པ་དེར་སངས་རྒྱས་བྱེ་བ་ཕྲག་བརྒྱ་བྱོན་པའི་མཐའ་མ་ནི་བདེ་གཤེགས་སྔོན་འབྱུང་རྒྱལ་པོ་ཡིན་ལ། སྟོན་པ་དེ་ནི་མྱ་ངན་ལས་འདའ་ཁར་འཁོར་རྣམས་ལ། ང་འདས་པའི་འོག་ལོ་བརྒྱའི་རྗེས་གསང་སྔགས་སྣང་བར་འགྱུར་རོ་ཞེས་ལུང་བསྟན་མཛད་པར་གསུངས།
Domain ཆོས་ལུགས།