44063

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྐལ་པ་གྲགས་ལྡན་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། འབྱུང་འགྱུར་གྱི་སྒྲོན་མའི་བསྐལ་པ་ཞིག་སྟེ། ཡོན་ཏན་གྱི་ཕྱོགས་ཀུན་ནས་བརྗོད་པས་བསྐལ་པ་གྲགས་ལྡན་ཞེས་བྱ། འདི་ད་ལྟའི་བསྐལ་པ་བཟང་པོ་འདིའི་རྗེས་སུ་མཐའ་འཁོབ་ཀྱི་བསྐལ་པ་རིགས་ངན་དྲུག་ཅུ་རྫོགས་པའི་མཐར་འབྱུང་བར་གསུངས་པ་དང་། སྐབས་དེར་སངས་རྒྱས་སྟོང་ཕྲག་བཅུ་འབྱོན་པར། མདོ་དགོངས་པ་འདུས་པ་ལེའུ་བཅུ་གཅིག་པ་ལས། འདི་ལྟར་བསྐལ་པ་བཟང་པོ་འདིའི་འོག་ཏུ་མཐའ་འཁོབ་ཀྱི་བསྐལ་པ་རིགས་ངན་དྲུག་ཅུ་འབྱུང་ངོ་། །དེའི་འོག་ཏུ་བསྐལ་པ་གྲགས་ལྡན་ཞེས་བྱ་བ་ལ། སངས་རྒྱས་སྟོང་ཕྲག་བཅུ་འབྱུང་ངོ་། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:བསྐལ་པ་གྲགས་ལྡན་

|; |@@@ | | }}

བསྐལ་པ་གྲགས་ལྡན་ (2)
Part of speech མིང་ཚིག
Definition སྔར་བྱུང་ཟིན་པའི་སྒྲོན་མའི་བསྐལ་པ་ཞིག་སྟེ། མདོ་དགོངས་པ་འདུས་པ་ལས་གསུངས་པ་བསྐལ་པ་དེར་སངས་རྒྱས་བཞི་ཁྲི་དྲུག་སྟོང་བྱོན་པའི་མཐའ་མ་ནི་སངས་རྒྱས་ཀུན་གྱི་བཤེས་གཉེན་ཞེས་བྱ་བ་ཡིན་པར། མདོ་དགོངས་པ་འདུས་པ་ལེའུ་ཞེ་གསུམ་པ་ལས། བསྐལ་པ་གྲགས་ལྡན་བྱ་བ་ལ། །སངས་རྒྱས་བཞི་ཁྲི་དྲུག་སྟོང་བྱུང། །ཀུན་གྱི་ཐ་མར་བྱུང་བ་ཡི། །སངས་རྒྱས་ཀུན་གྱིས་བཤེས་གཉེན་དེས། །ཞེས་གསུངས། སྟོན་པ་དེ་ཉིད་མྱ་ངན་ལས་འདའ་ཁར་འཁོར་རྣམས་ལ་སྐལ་ལྡན་ཐུན་མིན་གྱི་གདུལ་བྱ་འགའི་ཆེད། ང་འདས་པའི་འོག་ལོ་ཆིག་སྟོང་ལྔ་བརྒྱའི་རྗེས་རྡུལ་བྲལ་དྲི་མེད་ཀྱི་གསང་ཆེན་གསང་བ་དམ་པ་སྣང་བར་འགྱུར་རོ་ཞེས་ལུང་བསྟན་མཛད་པ་ལྟར་གསང་སྔགས་ཀྱི་བསྟན་པ་བྱུང་བར་གསུངས།

{{#arraymap:བསྐལ་པ་གྲགས་ལྡན་

|; |@@@ | | }}