44064
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བསྐལ་ཆེན་བརྩི་གཞིར་བྱས་པའི་གྲངས་གནས་དྲུག་ཅུའི་མཐའ་མར་བསྐལ་པ་གྲངས་མེད་ཅེས་བྱ་ཡི། དེ་ལྟ་བུ་སུམ་སྐོར་བརྩིས་པ་བསྐལ་པ་གྲངས་མེད་གསུམ་མོ། །དེས་ན་རྣམ་པ་ཐམས་ཅད་དུ་ཡོངས་སུ་བགྲང་བར་མི་ནུས་པས་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ནི་བསྐལ་པ་གྲངས་མེད་པ་གསུམ་དུ་དཀའ་བ་བརྒྱ་སྟོང་གིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའོ། ། |
| Domain | ཆོས་ལུགས། |