44067
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། ཨ་ནུ་ཡོ་ག རྙིང་མ། སྔར་བྱུང་ཟིན་པའི་སྒྲོན་མའི་བསྐལ་པ་ཞིག་སྟེ། བསྐལ་པ་དེའི་མི་རྣམས་ཡིད་དགའ་བས་བསྐལ་པ་དགའ་བ་ཞེས་བྱ། དེ་ནི་ད་ལྟའི་བསྐལ་པ་བཟང་པོ་འདིའི་སྔོན་དུ་མུན་པའི་བསྐལ་པ་བརྒྱ་བྱུང་། དེའི་སྔོན་དུ་བསྐལ་པ་རྫོགས་ལྡན་བྱུང་། དེའི་སྔོན་དུ་མུན་པའི་བསྐལ་པ་བརྒྱ་བྱུང་། དེའི་སྔོན་དུ་བསྐལ་པ་བཟང་རྒྱན་བྱུང། དེའི་སྔོན་དུ་མུན་པའི་བསྐལ་པ་ལྔ་བརྒྱ་བྱུང། དེའི་སྔོན་དུ་བསྐལ་པ་མཐོང་དགའ་བྱུང། དེའི་སྔོན་དུ་མུན་པའི་བསྐལ་པ་བདུན་བརྒྱ་བྱུང། དེའི་སྔོན་དུ་བསྐལ་པ་དགའ་བ་ཞེས་བྱ་བ་འདི་བྱུང་ཞིང་སྐབས་དེར་སངས་རྒྱས་སྟོང་ཕྲག་དྲུག་ཅུ་བྱོན་པར། མདོ་དགོངས་པ་འདུས་པ་ལེའུ་བཅུ་གཅིག་པ་ལས། དེ་འདས་པའི་སྔོན་དུ་བསྐལ་པ་དགའ་བ་ཞེས་བྱ་བ་ལ་སངས་རྒྱས་སྟོང་ཕྲག་དྲུག་ཅུ་བྱུང་ངོ༌། །ཞེས་གསུངས། |
Domain | ཆོས་ལུགས། |
{{#arraymap:བསྐལ་པ་དགའ་བ་
|; |@@@ | | }}