44071

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྐལ་པ་བཟང་པོ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། ད་ལྟར་འབྱུང་བཞིན་པའི་སྒྲོན་མའི་བསྐལ་པ་འདི་ཉིད་ཡིན། བསྐལ་པ་འདི་ཆགས་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོ་རྒྱ་མཚོར་གྱུར་པར་པདྨ་སྟོང་བྱུང་བ་སངས་རྒྱས་སྟོང་གི་བརྡར་ཤར་བས་གཙང་མའི་ལྷ་རྣམས་ཀྱིས་བསྐལ་པ་བཟང་ངོ་ཞེས་བརྗོད་པས་དེ་ལྟར་གྲགས། སངས་རྒྱས་སྟོང་རྩ་གཉིས་རིམ་པར་འབྱོན་པར་གསུངས་པའི་རྣམ་འདྲེན་བཞི་པ་ཡན་བྱོན་ཟིན། འདིའི་ཚུལ་གཟི་ལྡན་འཆར་ཁའི་འོད་སྣང་ལས། བསྐལ་པ་འདི་ཉིད་ཆགས་པའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོ་རྒྱ་མཚོར་གྱུར་པ་ལ་པདྨ་སྟོང་བྱུང་བ་སངས་རྒྱས་སྟོང་གི་བརྡར་ཤར་བས་ལྷ་གོང་མ་གཙང་མའི་རིས་རྣམས་ཀྱིས་བསྐལ་པ་བཟང་པོ་ཞེས་བརྗོད་པས་དེ་ལྟར་གྲགས་ལ། དེའང་རྒྱལ་བ་སྟོང་གི་རེ་རེ་སངས་རྒྱས་པ་ན་སེང་ཁྲི་པད་མ་ཅན་སྟོང་སྟོང་འབྱུང་བ་ལ་རང་གར་བབ་པའི་ས་ན་བཞུགས་པས་གཞན་མ་རྣམས་འཕུར་ཏེ་མི་སྣང་བར་འགྱུར་ལ། དེ་ལྟར་བསྐལ་པ་བཟང་པོ་འདི་ཉིད་ལ་སངས་རྒྱས་སྟོང་རྩ་གཉིས་འབྱུང་ངོ༌། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:བསྐལ་པ་བཟང་པོ་

|; |@@@ | | }}