44072

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྐལ་པ་བཟང་རྒྱན་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། སྔར་བྱུང་ཟིན་པའི་སྒྲོན་མའི་བསྐལ་པ་ཞིག་སྟེ། བསྐལ་པ་དེའི་གདུལ་བྱ་རྣམས་སྐལ་བ་བཟང་བས་བསྐལ་པ་བཟང་རྒྱན་ཞེས་བྱ། དེ་ནི་ད་ལྟའི་བསྐལ་པ་བཟང་པོ་འདིའི་སྔོན་དུ་མུན་པའི་བསྐལ་པ་བརྒྱ་བྱུང་། དེའི་སྔོན་དུ་བསྐལ་པ་རྫོགས་ལྡན་བྱུང་། དེའི་སྔོན་དུ་མུན་པའི་བསྐལ་པ་བརྒྱ་བྱུང་། དེའི་སྔོན་དུ་བསྐལ་པ་བཟང་རྒྱན་ཞེས་བྱ་བ་འདི་བྱུང་ཞིང་སྐབས་དེར་སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞི་བྱོན་པའི་མཐའ་མ་ནི་སངས་རྒྱས་བཟང་རྒྱན་དཔལ་ཡིན་པར། སྤྱི་མདོ་དགོངས་འདུས་ལེའུ་བཅུ་གཅིག་པ་ལས། དེ་འདས་པའི་སྔོན་དུ་བསྐལ་པ་བཟང་རྒྱན་ཞེས་བྱ་བ་ལ་སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞི་བྱུང་ངོ༌། །ཞེས་དང་། ཡང་ལེའུ་ཞེ་གསུམ་པ་ལས། བསྐལ་པ་བཟང་རྒྱན་བྱ་བ་ལ། །སངས་རྒྱས་བྱེ་ཕྲག་བརྒྱད་ཅུ་བྱུང༌། །དེ་དག་མཐའ་ཟད་བྱུང་བ་ཡི། །སངས་རྒྱས་བཟང་རྒྱན་དཔལ་གྱིས་ཀྱང༌། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:བསྐལ་པ་བཟང་རྒྱན་

|; |@@@ | | }}