44073
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྐྱེས་རབས་གླེང་གཞི་ལས་བྱུང་བ་སྟེ། ༡ མུ་གེའི་བསྐལ་པ་བར་མ་ནི། གང་གི་ཚེ་འཇིག་རྟེན་གྱི་སེམས་ཅན་རྣམས་ལ་འདོད་པ་ལྷག་པར་སྐྱེས་ནས། མུ་གེའི་བསྐལ་པ་བར་མ་འགྱུར་རོ། །མུ་གེའི་བསྐལ་པ་བར་མས་སེམས་ཅན་རྣམས་བརླག་པར་བྱས་ནས་ཡི་དྭགས་སུ་སྐྱེ་བར་འགྱུར་རོ། །༢ ནད་ཀྱི་བསྐལ་པ་བར་མ་ནི། གང་གི་ཚེ་གཏི་མུག་ལྷག་པར་ཆེ་སྟེ། ནད་ཀྱི་བསྐལ་པ་བར་མར་འགྱུར་རོ། །ནད་ཀྱི་བསྐལ་པ་བར་མས་སེམས་ཅན་རྣམས་བརླག་པར་བྱས་ནས་དུད་འགྲོར་སྐྱེ་བར་བྱེད་དོ། །༣ མཚོན་གྱི་བསྐལ་པ་བར་མ་ནི། གང་གི་ཚེ་སྐྱོན་དུ་གྱུར་པ་དེའི་དུས་སུ་མཚོན་གྱི་བསྐལ་པ་བར་མར་འགྱུར་རོ། །མཚོན་གྱི་བསྐལ་པ་བར་མས་སེམས་ཅན་རྣམས་བརླག་པར་བྱས་ནས། དམྱལ་བར་སྐྱེ་བར་འགྱུར་རོ། ། |
| Domain | ཆོས་ལུགས། |