44074
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། སྔར་བྱུང་ཟིན་པའི་སྒྲོན་མའི་བསྐལ་པ་ཞིག་སྟེ། མདོ་དགོངས་པ་འདུས་པ་ལས་གསུངས་པ་ལྟར་བསྐལ་པ་གྲངས་མེད་ཚད་མེད་པའི་སྔོན་རོལ་དུ་བྱུང་ཞིང་བསྐལ་པ་དེར་སངས་རྒྱས་སུམ་ཁྲི་སུམ་སྟོང་བྱོན་པའི་མཐའ་མ་ནི་སངས་རྒྱས་ཀུན་ཏུ་བཟང་པོ་ཡིན་པར། མདོ་དགོངས་པ་འདུས་པ་ལེའུ་བཅུ་གཅིག་པ་ལས། སྔོན་གྱི་བསྐལ་པ་བགྲངས་པ་ལས་ཀྱང་གྲངས་མེད་པར་འདས་པ་མང་པོ་ཚད་མེད་པ་བསམ་གྱིས་མི་ཁྱབ་པ་ན་བསྐལ་པ་ཆེན་པོ་མངོན་པར་དགའ་བ་ཞེས་བྱ་བ་ལ་སངས་རྒྱས་སུམ་ཁྲི་སུམ་སྟོང་བྱུང་བའི་དུས་ན་ཐ་མའི་སངས་རྒྱས་ཀུན་ཏུ་བཟང་པོ་ཞེས་བྱ་བ། ཞེས་གསུངས། |
| Domain | ཆོས་ལུགས། |