44076

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྐལ་པ་མཐོང་དགའ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། སྔར་བྱུང་ཟིན་པའི་སྒྲོན་མའི་བསྐལ་པ་ཞིག་སྟེ། བསྐལ་པ་དེའི་གདུལ་བྱ་རྣམས་དགེ་བ་བཅུ་ལ་སྤྱོད་པས་བསྐལ་པ་མཐོང་དགའ་ཞེས་བྱ། དེ་ནི་ད་ལྟའི་བསྐལ་པ་བཟང་པོ་འདིའི་སྔོན་དུ་མུན་པའི་བསྐལ་པ་བརྒྱ་བྱུང་། དེའི་སྔོན་དུ་བསྐལ་པ་རྫོགས་ལྡན་བྱུང་། དེའི་སྔོན་དུ་མུན་པའི་བསྐལ་པ་བརྒྱ་བྱུང་། དེའི་སྔོན་དུ་བསྐལ་པ་བཟང་རྒྱན་བྱུང། དེའི་སྔོན་དུ་མུན་པའི་བསྐལ་པ་ལྔ་བརྒྱ་བྱུང། དེའི་སྔོན་དུ་བསྐལ་པ་མཐོང་དགའ་ཞེས་བྱ་བ་འདི་བྱུང་ཞིང་སྐབས་དེར་སངས་རྒྱས་བྱེ་བ་ཕྲག་བཅུ་བྱོན་པར། མདོ་དགོངས་པ་འདུས་པ་ལས། དེ་འདས་པའི་སྔོན་དུ་བསྐལ་པ་མཐོང་དགའ་ཞེས་བྱ་བ་ལ་སངས་རྒྱས་བྱེ་བ་ཕྲག་བཅུ་བྱུང་ངོ༌། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:བསྐལ་པ་མཐོང་དགའ་

|; |@@@ | | }}