44077
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། འབྱུང་འགྱུར་གྱི་སྒྲོན་མའི་བསྐལ་པ་ཞིག་སྟེ། མི་རྣམས་མཚན་སུམ་ཅུ་པ་ཤ་སྟག་གིས་མཛེས་པར་རྒྱན་པས་བསྐལ་པ་མཛེས་ལྡན་རྒྱན་ཞེས་བྱ། འདི་ད་ལྟའི་བསྐལ་པ་བཟང་པོ་འདིའི་རྗེས་སུ་རིགས་ངན་གྱི་བསྐལ་པ་དྲུག་ཅུ། དེའི་རྗེས་སྒྲོན་མའི་བསྐལ་པ་གཅིག དེ་རྗེས་རིགས་ངན་གྱི་བསྐལ་པ་སྟོང་ཕྲག་བརྒྱད་ཅུ། དེ་རྗེས་སྒྲོན་མའི་བསྐལ་པ་གཅིག དེའི་རྗེས་མུན་པའི་བསྐལ་པ་སུམ་བརྒྱ་རྫོགས་པའི་མཐར་འབྱུང་བ་དང་། བསྐལ་པ་དེ་རུ་སངས་རྒྱས་སྟོང་ཕྲག་བརྒྱད་ཅུ་རྩ་ལྔ་འབྱོན་པར། མདོ་དགོངས་པ་འདུས་པ་ལེའུ་བཅུ་གཅིག་པ་ལས། དེའི་འོག་ཏུ་བསྐལ་པ་མཛེས་ལྡན་རྒྱན་བྱ་བ་ལ་སངས་རྒྱས་སྟོང་ཕྲག་བརྒྱད་ཅུ་རྩ་ལྔ་འབྱུང་ངོ༌། །ཞེས་གསུངས། |
| Domain | ཆོས་ལུགས། |