44080

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྐལ་པ་རྫོགས་ལྡན་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། སྔར་བྱུང་ཟིན་པའི་སྒྲོན་མའི་བསྐལ་པ་ཞིག་སྟེ། ལེགས་པའི་ཡོན་ཏན་རྫོགས་པས་བསྐལ་པ་རྫོགས་ལྡན་ཞེས་བྱ། དེ་ནི་ད་ལྟའི་བསྐལ་པ་བཟང་པོ་འདིའི་སྔོན་དུ་མུན་པའི་བསྐལ་པ་བརྒྱ་བྱུང་། དེའི་སྔོན་དུ་བསྐལ་པ་དེ་བྱུང་ཞིང་སྐབས་དེར་སངས་རྒྱས་བྱེ་བ་ཕྲག་བརྒྱ་བྱོན་པའི་མཐའ་མར་སངས་རྒྱས་དཀོན་མཆོག་དཔལ་བྱོན་པར། མདོ་དགོངས་པ་འདུས་པ་ལེའུ་བཅུ་གཅིག་པ་ལས། བསྐལ་པ་བཟང་པོ་འདིའི་སྔོན་དུ་ཡང་མུན་པའི་བསྐལ་པ་བརྒྱ་བྱུང་ངོ་། །དེའི་སྔོན་དུ་བསྐལ་པ་རྫོགས་ལྡན་ཞེས་བྱ་བ་ལ་སངས་རྒྱས་བྱེ་བ་ཕྲག་བརྒྱ་བྱུང་ངོ་། །ཞེས་དང་། ཡང་ལེའུ་ཞེ་གསུམ་པར། བསྐལ་པ་རྫོགས་ལྡན་བྱ་བ་ལ། །སངས་རྒྱས་བྱེ་བ་ཕྲག་བརྒྱ་བྱུང་། །དེ་ཀུན་མཐར་ཟད་བྱུང་བ་ཡི། །སངས་རྒྱས་དཀོན་མཆོག་དཔལ་གྱིས་ཀྱང་། །ཞེས་གསུངས།
Domain ཆོས་ལུགས།