44082
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། ཨ་ནུ་ཡོ་ག རྙིང་མ། འབྱུང་འགྱུར་གྱི་སྒྲོན་མའི་བསྐལ་པ་ཞིག་སྟེ། རྒྱ་ཆེ་ཞིང་གསལ་ལ་ཆོས་དང་ལྡན་པས་བསྐལ་པ་སྐར་མ་བཀྲམ་པ་ལྟ༷་བུ་ཞེས་བྱ། འདི་ད་ལྟའི་བསྐལ་པ་བཟང་པོ་འདིའི་རྗེས་སུ་རིགས་ངན་གྱི་བསྐལ་པ་དྲུག་ཅུ། དེའི་རྗེས་སྒྲོན་མའི་བསྐལ་པ་གཅིག དེའི་རྗེས་རིགས་ངན་གྱི་བསྐལ་པ་སྟོང་ཕྲག་བརྒྱད་ཅུ་རྫོགས་པའི་མཐར་འབྱུང་ཞིང་། བསྐལ་པ་དེ་རུ་སངས་རྒྱས་སྟོང་ཕྲག་བརྒྱད་ཅུ་འབྱོན་པར། མདོ་དགོངས་པ་འདུས་པ་ལེའུ་བཅུ་གཅིག་པ་ལས། དེའི་འོག་ཏུ་བསྐལ་པ་སྐར་མ་བཀྲམ་པ་ལྟ་བུ་ལ་སངས་རྒྱས་སྟོང་ཕྲག་བརྒྱད་ཅུ་འབྱུང་ངོ༌། །ཞེས་གསུངས། |
Domain | ཆོས་ལུགས། |
{{#arraymap:བསྐལ་པ་སྐར་མ་བཀྲམ་པ་ལྟ་བུ་
|; |@@@ | | }}