44083

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྐལ་པའི་མེ་གཞིལ་བའི་ཏིང་ངེ་འཛིན་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། སྲེག་པའི་བསྐལ་པ་གཞིལ་བའི་ཏིང་ངེ་འཛིན་གྱི་ཁོངས་གཏོགས་ཤིག་སྟེ། མདོ་འགྲེལ་མུན་པའི་གོ་ཆ་ལས། བསྐལ་པའི་མེ་གཞིལ་བ་ནི། ལྷར་གསལ་བའི་སྡིགས་མཛུབ་ཀྱི་རྩེ་མོ་ལ། མ་ལས་ཟླ་བ་བསམ་པ་ཤིན་ཏུ་བརྟན་པ་ལས་ཆུ་རྒྱུན་ཕབ་ལ་གཞིལ་བའོ། །ཞེས་པ་ལྟར་གཟི་ལྡན་འཆར་ཁའི་འོད་སྣང་ལས། རྣལ་འབྱོར་པས་སྡིགས་མཛུབ་ཀྱི་རྩེ་མོ་ལ་ཨ་ལས་ཟླ་བའི་དཀྱིལ་འཁོར་འོད་འབར་བ་གསལ་ཏེ་ཤིན་ཏུ་བརྟན་པར་གྱུར་པ་དང༌། དེ་ལས་ཆུ་རྒྱུན་ཕབ་པ་དེས་འཇིག་རྟེན་སྲེག་པའི་མེ་ཡི་བསྐལ་པ་གཞིལ་བར་བྱེད་པའོ། །ཞེས་གསུངས། འདི་ལ་ཕྱིའི་སྲེག་པ་གཞིལ་བའི་ཏིང་ངེ་འཛིན་ཡང་བརྗོད།
Domain ཆོས་ལུགས།

{{#arraymap:བསྐལ་པའི་མེ་གཞིལ་བའི་ཏིང་ངེ་འཛིན་

|; |@@@ | | }}