44105

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྐལ་བཟང་ཆོས་གླིང་དགོན་ (1)
Part of speech མིང་ཚིག
Definition གྲུབ་རྗེ་རིན་པོ་ཆེས་ལྕགས་སྤྲེལ་ཧོར་ཟླ་གསུམ་པར་བསྐལ་བཟང་སངས་རྒྱས་ཆོས་གླིང་ཞེས་གསོལ། སློབ་འབངས་རྣམས་ཀྱིས་སྐུ་གསུམ་ཞིང་གི་བཀོད་པ་དང་བཅས་གྲུབ། ཀ་བ་བཞི་ལ་གནམ་ལྕགས་ཀྱི་ཕུར་པ་རེ་སྦས་ནས་མི་འགྱུར་བའི་གཟེར་བཏབ། རྒྱ་མཐོངས་ཁར་རྡོ་རྗེ་དང་ཕུར་བུ་རིགས་ལྔའི་ཕྱག་མཚན་གྱི་དྲྭ་བ་དྲྭ་ཕྱེད་སྦས་པ་ལ་ཕྱིས་སུ་རྒྱལ་རོང་གཏེར་རྒན་མས་སྐེད་ཕུར་གྱིས་རྡུང་བས་སྒྲ་ཀུན་གྱིས་ཐོས་པ་བྱུང་། བསམ་ཡས་གཙུག་ལག་ཁང་དང་བྱིན་རླབས་ངོས་མཉམ་པས་མཐོང་ཐོས་དྲན་རེག་ཐར་པའི་ས་བོན་ཐེབས་པ་ཡིན་ཞེས་གྲུབ་ཆེན་ཉིད་ནས་གསུངས། ཚོགས་དུས་མཆོད་ནི། བཀའ་བརྒྱད་ཁྲོ་རོལ་སྒྲུབ་མཆོད་ཧོར་ཟླ་དྲུག་པའི་ཚེས་བཅུ་ནི་མཁའ་ཁྱབ་རང་གྲོལ་གྱི་བུམ་སྒྲུབ་ཚེས་བཅུའི་འཆམ། ན་རག་དོང་སྤྲུག གཞན་ཡང་གཤིན་རྗེ་དྲེགས་པ་འཇོམས་བྱེད། མ་ནིང་བཀའ་བརྒྱད། བྱང་གཏེར་ཚེ་བདག་རྒྱ་རོང་གཤེད་དམར། ལང་གླིང་ཁྲོ་ལོད། བདུད་འདུལ་ཕུར་བ། ལས་གླིང་ཕུར་བ། ཡང་གསང་ཁྲོས་པའི་གཏོར་བཟློག་རྣམས་འཚོགས་བཞིན་ཡོད། ཆོས་བརྒྱུད་ཀཿཐོག་ཡིན།

{{#arraymap:བསྐལ་བཟང་ཆོས་གླིང་དགོན་

|; |@@@ | | }}