44113
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མངོན་པ་མཛོད་ཀྱི་ལུགས་ལྟར་ན། འཇིག་རྟེན་གྱི་ཁམས་ལ་ཆགས་གནས་འཇིག་སྟོང་སྐབས་བཞིར་ཕྱེ་ཞིང་། འཇིག་པའི་དུས་སུ་མེ་ཆུ་རླུང་གིས་འཇིག་པར་བྱེད་པ་ལས། ཐོག་མར་ཉི་མ་བདུན་དུས་གཅིག་ཏུ་ཤར་ནས། རྒྱ་མཚོ་སོགས་སྐེམ་པར་གྱུར་ཅིང་རྩི་ཤིང་ནགས་ཚལ་རི་བྲག་ཐམས་ཅད་འབར་ནས་མེ་དཔུང་ཆེན་པོར་གྱུར་ཏེ། འོག་དམྱལ་ཁམས་མནར་མེད་ནས་སྟེང་གཟུགས་ཁམས་བསམ་གཏན་དང་པོའི་བར་བསྲེགས་ནས་སྟོང་བ་ཅང་མེད་དུ་འགྱུར་བར་འདོད། |
Domain | ཆོས་ལུགས། |
{{#arraymap:བསྐལ་བའི་མེ་
|; |@@@ | | }}