44144

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྐུལ་བྱང་དམ་བདར་ (1)
Part of speech མིང་ཚིག
Definition ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས། བསྐུལ་བྱང་དམ་བདར། ཞེས་བྱ་བ་སྟེ། གཏེར་གཞུང་ལས། ང་སྤྲུལ་པདྨ་འབྱུང་གནས་ཀྱིས༔ བསྟན་པ་འཛིན་པའི་མཚོན་ཆ་ཡིན༔ མ་འོངས་ལྔ་བཅུ་ཁ་རལ་དུས༔ རཏྣའི་མིང་ཅན་སྦས་ཚུལ་སྤྱོད༔ གྲུབ་ཐོབ་རྟོགས་ལྡན་བརྒྱ་ཕྲག་བསྐོར༔ གདུལ་བྱའི་སྙིང་པོའི་བཀའ་བབ་ལས༔ འབྲེལ་ཚད་དོན་ལྡན་སེམས་དཔའ་གཅིག༔ དེ་དང་ཐུགས་གཏེར་འདི་འཕྲད་ཤོག༔ ཅེས་ལུང་བསྟན་མཛད་པ་ལྟར། གཏེར་ཆེན་རཏྣ་གླིང་པས་གཏེར་ནས་དྲངས། འདིའི་ནང་དོན་ལ། བསྒྲུབ་ཆེན་གསང་བའི་ལས་སྦྱོར་གྱི་དུས་སུ་བླ་མ་ཡི་དམ་མཁའ་འགྲོ་བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ལ་བསྐུལ་བའི་ལས་བྱང་དམ་ཚིག་བདར་བ་བསྟན།

{{#arraymap:བསྐུལ་བྱང་དམ་བདར་

|; |@@@ | | }}