44150
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འདུལ་བ་མདོའི་རྒྱ་ཆེར་འགྲེལ་པ་ལས་བྱུང་བ་སྟེ། ༡ སྤོང་བའི་ཞལ་ཏ་བྱེད་པ་བསྐོ་བ། ༢ ལག་གི་བླ་དང་ལག་དཔོན་བསྐོ་བ། ༢ དགག་དབྱེ་བྱེད་པ་བསྐོ་བ། ༤ གནས་མལ་སྟོབས་པ་བསྐོ་བ། ༥ རུང་བའི་ཁང་པ་ལ་བློ་མཐུན་པར་བྱ་བ། ༦ གསོ་སྦྱོང་གི་གནས་ལ་བློ་མཐུན་པར་བྱ་བ། ༧ སྲ་བརྐྱང་འདིང་བར་བསྐོ་བ། ༨ སྲ་བརྐྱང་ལ་བློ་མཐུན་པར་བྱ་བ། ༩ གནས་ཁང་བསྐོ་བ། ༡༠ ཟས་ལ་བསྐོ་བ་བསྐོ་བ། ༡༡ ཐུག་པ་འབྲིམ་པ་བསྐོ་བ། ༡༢ བག་ཆོས་འབྲིམ་པ་བསྐོ་བ། ༡༣ ཕྲན་ཚེགས་འབྲིམ་པ་བསྐོ་བ། ༡༤ སྣོད་སྤྱད་འབྲུབ་པར་བསྐོ་བ། ༡༥ གོས་སྦེད་པ་བསྐོ་བ། ༡༦ ཆོས་གོས་འགེད་པ་བསྐོ་བ། ༡༧ དབྱར་གྱི་རས་ཆེན་པ་སྦེད་པ་བསྐོ་བ། ༡༨ དབྱར་གྱི་རས་ཆེན་འགྱེད་པ་བསྐོ་བ། ༡༩ མངག་གཞུག་པ་བསྐོ་བ། ༢༠ མཛེས་འཆོས་བསྐོ་བ། ༢༡ གཟུ་བོ་བསྐོ་བ། ༢༢ གསལ་བ་དང་གསལ་བའི་གང་ཟག་གསལ་བ་བསྐོ་བ། ༢༣ རྩོད་པ་སྦེད་པ་བསྐོ་བ། ༢༤ ཁང་པ་བསྟན་པ། ༢༥ གཙུག་ལག་ཁང་བསྟན་པ། ༢༦ གླེང་བ་བསྐོ་བ། ༢༧ ལྷུང་བཟེད་འབྲེལ་བ་མེད་པ་འབྲིམ་པར་བསྐོ་བ། ༢༨ གནས་ངན་ལེན་བརྗོད་པ་བསྐོ་བ། ༢༩ དགེ་སློང་མའི་སྟོན་པ་བསྐོ་བ། ༣༠ ནགས་ཉུལ་བ་བསྐོ་བ། ༣༡ ལ་ཤིང་འབྲིམ་པ་བསྐོ་བ་བཅས་སོ། ། |
| Domain | ཆོས་ལུགས། |