44152
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། འདུལ་བ། བསྐོ་བའི་ལས་ནི་གྲངས་སོ་བཞིར་འཆད་དེ། གསང་སྟེ་སྟོན་པ་བསྐོ་བ་དང། ལྷུང་བཟེད་འབྲེལ་མེད་འབྲིམ་པ། གནས་ངན་ལེན་བརྗོད་པ། དགེ་སློང་མའི་སྟོན་པ། ནགས་ཉུལ་བ། སྤོང་བའི་ཞལ་ལྟ་བ། དགག་དབྱེ་བྱེད་པ། སྲ་རྐྱང་འདིང་བ། སྲ་རྐྱང་སྐྱོང་བ། གོས་འགྱེད་པ། དེ་སྦེད་པ། སྣོད་སྤྱད་སྒྲུབ་པ། དབྱར་གྱི་རས་ཆེན་འགྱེད་པ། དེ་སྦེད་པ། གནས་ཁང་ལ། ཟས་ལ། ཐུག་པ་འབྲིམ་པ། བག་ཚོས་འབྲིམ་པ། ཤིང་ཐོག་འབྲིམ་པ། པར་པུར་འབྲིམ་པ། དགེ་བསྐོས། མངགས་གཞུག་པ། ལྟུང་བ་གླེང་བ། ཆུའི་ཞལ་ལྟ་བ། མཛེས་ཆོས་པ། བང་རིམ་གྱི་ཞལ་ལྟ་བ། གནས་མལ་སྟོབ་པ། སྒེའུ་ཚང་བསྲུང་བ། རྩོད་པ་ཞི་བྱེད་ཀྱི་གཟུ་བོར་གནས་པ། དེ་ཞི་པ་ལ་གསལ་པ། གསལ་བའི་གསལ་བ། རྩོད་པ་སྦེད་པ་བསྐོ་བ། དགེ་འདུན་དབྱེ་ན་ཕྱོགས་མང་ཉུང་ཤེས་པའི་ཕྱིར་ཚུལ་ཤིང་འབྲིམ་པ་བསྐོ་བ་རྣམས་སོ། །དེ་དག་གང་ལ་བསྐོ་བར་བྱ་བའི་ཡུལ་ནི་ཁ་སྐོང་གི་ཆོས་དང་ལྡན་པ། སྤྲོ་བ་དྲིས་ཤིང་སྤྲོ་བ་སྦྱིན་པ། བསྐོས་པའི་བྱ་བ་ཐམས་ཅད་ལ་འདུན་པས་འགྲོ་བ་ལ་སོགས་པ་འགྲོ་བ་བཞིས་སྒོ་ནས་འགྲོ་བ་མ་ཡིན་པ། རྒྱུད་ཚོགས་སུ་མ་ཚང་བ་སྟེ། ཁྱད་ཆོས་བཞི་དང་ལྡན་པའོ། །ཚོགས་སུ་མ་ཚང་བ་ནི། དཔེར་ན་དགག་དབྱེ་བྱེད་པ་དང། གནས་མལ་སྟོབ་པ་བསྐོ་བ་ན་དུ་མ་དགོས་ཚེ། གསུམ་མན་ཆད་ལ་ཅིག་ཆར་རུང་གིས། བཞིར་ལོང་པ་ལ་མི་རུང་བ་ལྟ་བུས་ཤེས་སོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:བསྐོ་བའི་ལས་
|; |@@@ | | }}