44153
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། བསྐོ་བའི་ལས་ཀྱིས་བསྒྲུབ་བྱ་ལ་དགེ་སློང་ཆོས་བཅུ་གཉིས་དང་ལྡན་པ་ཞིག་དགོས་པ་ཡིན་ཏེ། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གཉིས་པ་བསྐོ་བའི་ལས་ཀྱིས་བསྒྲུབ་པར་བྱ་བའི་ཡུལ་དགེ་སློང་ཆོས་བཅུ་གཉིས་དང་ལྡན་པ་དགོས་ཏེ། སྤོང་བ་པའི་ཞལ་ཏ་བ་བསྐོ་བ་ལ་བཤད་པ་ལྟར་གྱི་ཆོས་བཅུ་གཅིག་གི་སྟེང་དུ་ཐུན་མོང་མ་ཡིན་པའི་རང་རང་གི་གཞི་ལེགས་པ་དང་ལྡན་དགོས་པའི་ཕྱིར། གཞི་ལེགས་པའང་ཡོད་དེ། |
| Example | དགེ་སློང་མའི་སྟོན་པར་བསྐོ་བ་ལ་རྣམ་པར་དག་པའི་ཁྱད་པར། མཁས་པའི་ཁྱད་པར། བརྟན་པའི་ཁྱད་པར་གསུམ་དགོས་པ་ལྟ་བུ་ཡིན་པའི་ཕྱིར། ཞེས་གསུངས། |
| Domain | ཆོས་ལུགས། |