44224

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྐྱེད་པ་དང་རྫོགས་པའི་རིམ་པ་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། གསང་སྔགས་ཀྱི་ཆོས་ལ་རྒྱུད་སྡེ་བཞི་ཡོད་པའི་ནང་གི་བླ་མེད་རྒྱུད་ཀྱི་ལམ་བསྐྱེད་རིམ་དང་། རྫོགས་རིམ་གཉིས་ཡོད། བསྐྱེད་རིམ་ནི་སྐུ་གསུམ་ལམ་འཁྱེར་དང་ལྡན་པའི་སྒོ་ནས་རང་ལུས་ལྷ་སྐུར་བསྒོམས་པའི་ང་རྒྱལ་དང་གསལ་སྣང་བརྟན་པོར་འཆར་བ་ཞིག་ཡིན། རྫོགས་རིམ་ནི་བསྐྱེད་རིམ་སྔོན་དུ་སོང་བའི་གང་ཟག་གི་རང་གི་ལུས་ཀྱི་གནས་ལྔར་གནད་དུ་བསྣུན་ནས་བསྒོམས་པ་ལས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་ཏེ་དགའ་བཞིའི་ཡེ་ཤེས་སྐྱེ་བའི་ཐབས་ཁྱད་པར་ཅན་ཞིག་ཡིན། ཞིབ་ཕྲ་གསང་སྔགས་བླ་མེད་ཀྱི་གཞུང་རྣམས་སུ་གསལ།
Domain ཆོས་ལུགས།