44234
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། རྣམ་པར་རྟོག་པའི་རི་བོ་བཅུའི་ནང་གསེས་ཤིག་སྟེ། སྐུ་ཕྱག་རྒྱར་སྣང་བའི་ཕྱིར་སྐྱེད་པའི་རྟོག་པ་ཞེས་བྱ། མདོ་དགོངས་པ་འདུས་པ་ལས། ལང་ཀའི་བདག་པོ་བསྐྱེད་པའི་རྟོག་པ་གང་ཞེ་ན། འདི་ལྟ་སྟེ། གང་གྱུར་པ་དང༌། གང་ལ་གྱུར་པ་དང༌། གང་གི་ཕྱིར་གྱུར་པ་དང༌། གང་གིས་གྱུར་པའོ། །ཞེས་པ་ལྟར་གཟི་ལྡན་འཆར་ཁའི་འོད་སྣང་ལས། སྐྱེད་པའི་རྟོག་པ་གང་ཞེ་ན། འདི་ལྟ་སྟེ། བཞི་ནི་རྩ་བ་ཉིད། གང་ཞིག་ན་རང་རིག་པའི་ཡེ་ཤེས་ཉིད་ཁྲོ་བོར་གྱུར་པ་དང༌། གནས་སམ་གདུལ་བྱ་གང་ལ་ན་དུར་ཁྲོད་ཀྱི་བདག་པོ་ལས་གྱུར་པ་དང༌། དགོས་ཆེད་གང་གི་ཕྱིར་ན་གདུག་པ་འདུལ་བའི་ཕྱིར་གྱུར་པ་དང༌། ཐབས་གང་གིས་ན་དྲག་པོའི་འདུལ་ཐབས་ཀྱིས་ཁྲོ་བོར་གྱུར་པའོ། །ཞེས་གསུངས། |
| Domain | ཆོས་ལུགས། |