44236
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རྫོགས་རིམ་གྱི་རྟེན་བསྐྱེད་པའི་རིམ་པ་བསྒོམས་ཏེ། དེ་ཡང་རྒྱུ་རྒྱུད་བག་ཆགས་ཀྱི་དབང་གིས་འཁོར་བའི་སྣང་བ་སྣ་ཚོགས་སུ་འཆར་བ་འདི་ད་ལྟ་ཉིད་ནས་དག་པའི་སྣང་བར་སྒྱུར་བར་བྱེད་པའོ། །དེས་ན་འཁོར་བའི་ཆོས་ཀྱི་གཙོ་བོར་སྐྱེ་གནས་བཞི་ཡིན་པས་དེའི་གཉེན་པོར་མངོན་པར་བྱང་ཆུབ་པ་ལྔ་ལ་སོགས་པའི་བསྐྱེད་ཆོག་རྣམས་གསུངས། སྐྱེ་བ་བླངས་པ་ལ་བརྟེན་ནས་སྣོད་བཅུད་རང་གཞན་ལ་སོགས་པའི་སྣང་བ་སྣ་ཚོགས་འཆར་བ་དེའི་གཉེན་པོར་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་འཁོར་ལོ་གསུངས་ཏེ། མདོར་ན་བླ་མེད་ཀྱི་དཀྱིལ་འཁོར་གཅིག་གི་སྟེང་དུ་རྒྱུ་ལས་དང། ཉོན་མོངས་པ་དང། འབྲས་བུ་འཁོར་བའི་སྡུག་བསྔལ་གྱིས་བསྡུས་པའི་མ་དག་པའི་སྣང་བ་ཐམས་ཅད་དག་པའི་སྣང་བར་སྒྱུར་བའི་ཉམས་ལེན་ཡོད་པར་ཤེས་པར་བྱའོ་ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་རྣམ་བཤད་གསུང་རབ་དགོངས་གསལ་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:བསྐྱེད་རིམ་གྱི་ཉམས་ལེན་
|; |@@@ | | }}