44246

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྐྱེད་རྫོགས་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། བསྐྱེད་རིམ་དང་རྫོགས་རིམ་ཞེས་པའི་བསྡུས་མིང་སྟེ། སྦྱང་བྱ་གཞི་དུས་ཀྱི་སྐྱེ་འཆི་བར་དོ་གསུམ་པོ་དེ་སྦྱོང་བྱེད་སྐུ་གསུམ་གྱི་ལམ་འཁྱེར་བསྒོམས་པའི་སྟོབས་ཀྱིས་སྒོ་གསུམ་ཐ་མལ་གྱི་སྣང་ཞེན་ལས་ལྡོག་པར་བྱེད་པའི་གསང་སྔགས་ཀྱི་ལམ་ཞིག་ལ་བསྐྱེད་རིམ་ཟེར་ཞིང་། བསྐྱེད་རིམ་མཐར་ཕྱིན་པའམ་མྱོང་བ་ཐོན་པའི་གང་ཟག་གིས་རང་གི་ལུས་ཀྱི་གནས་རྣམས་ལ་གནད་དུ་བསྣུན་ནས་བསྒོམ་པའི་སྟོབས་ཀྱིས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱེད་པའི་གསང་སྔགས་ཀྱི་ལམ་ཞིག་ལ་རྫོགས་རིམ་ཟེར། ཞིབ་པར་གསང་སྔགས་བླ་མེད་ཀྱི་གཞུང་རྣམས་ལས་གསལ།
Domain ཆོས་ལུགས།