44250

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྐྱེད་རྫོགས་ཀྱི་ལམ་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག ཇོ་ནང་། བསྐྱེད་རིམ་གྱི་སྐད་དོད་ཨུཏྤ་ཏྟི་ཀྲ་མ་ཞེས་པ་ལ། ཨུཏྤ་ཏྟི་བསྐྱེད་པ་སྟེ་གསར་དུ་བཅོས་པའི་དོན་ཡིན་པ་དང་། རྫོགས་རིམ་གྱི་སྐད་དོད་ནིཥྤནྣ་ཀྲ་མ་ཞེས་པས་ནི་ཤྤནྣ་ནི་རྫོགས་པ་སྟེ། རྩོལ་མེད་ཤུགས་བྱུང་དུ་འབྱུང་བའི་དོན་ཡིན་ལ། དེ་གཉིས་ཀའི་ཀྲ་མ་ནི་རིམ་པ་སྟེ་ལམ་གྱི་གོ་རིམ་མམ། ཐབས་ཡིན་ལ། བསྐྱེད་རིམ་གྱི་ངོ་བོ་ནི་རྗེས་སུ་དཔག་པའི་ལྷའི་རྣལ་འབྱོར་ཡིིན་ལ། རྫོགས་རིམ་གྱི་ངོ་བོ་ནི། མངོན་སུམ་གྱི་ལྷའི་རྣལ་འབྱོར་རོ། །དེ་ལ་རྗེས་སུ་དཔག་པའི་དོན་ནི། གཞན་ལས་རྒྱུ་མཚན་དྲན་པའི་ངེས་ཤེས་ཀྱི་ཁྱད་པར་ལ་འཇོག་པ་ལྟར། འདིར་ཡང་བྲིས་སྐུ་སོགས་ལ་བལྟ་བ་དང་། ཚིག་ཏུ་བརྗོད་པ་ལས་དངོས་སུ་ཐོས་པའི་དོན་བསམས་ཏེ། སྔར་གྱི་མཐོང་ཐོས་དང་རྗེས་སུ་མཐུན་པར་དེ་མ་ཡིན་ཡང་དེ་དང་འདྲ་བའི་རྣམ་པ་ཤར་བ་སྟེེ། བྲིས་སྐུ་ལ་སོགས་པའི་རྣམ་པ་ལས་རྗེས་སུ་དཔག་ནས་ལྷའི་སྐུ་ནི་འདི་འདྲའོ་ཞེས་ཡིད་ཀྱི་སྣང་ངོར་གསར་དུ་བཅོས་པ་ཙམ་ལས། གནས་ལུགས་ལ་ཞུགས་པའི་དེ་ཁོ་ན་ཉིད་མ་ཡིན་ནོ། །རྫོགས་པའི་རིམ་པ་ནི། ནམ་མཁའ་ལ་སྐར་མ་ཤར་བའི་དཔེ་འདིིས་སྟོང་པ་ཉིད་ལས་མ་གཡོས་བཞིན་དུ་ཤར་བའི་དོན་དང་། སྐར་མའི་གཟུགས་བརྙན་རྟོག་པས་བསྒོམ་མི་དགོས་པར་མིག་གིས་དངོས་སུ་མཐོང་བ་ལྟར་རྫོགས་རིམ་གྱི་ལྷ་ནི་སྟོང་བར་བློས་གསར་དུ་སྒོམ་པ་ལ་མ་ལྟོས་པར་སྟོང་པའི་ངང་ལས་ཤར་ཞིང་ཤར་ནས་ཀྱང་སྟོང་བའི་རང་བཞིན་ལས་མ་འདས་པར་གནས་པ་དང་། སྟོང་པ་དང་ལྷ་སྐུ་གཉིས་ཀར་རྣམ་རྟོག་གིས་བརྟགས་པ་མ་ཡིན་པར་དངོས་སུ་མྱོང་བའི་ཡུལ་དུ་བྱུང་བས་ནི། མོས་པ་ཡིད་བྱེད་ཀྱི་རྣལ་འབྱོར་ཙམ་མ་ཡིན་པར་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་རོ། །
Domain ཆོས་ལུགས།