44257

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྐྱེད་རྫོགས་གསུམ་གྱི་སྒྲུབ་ལུགས་ལྔ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། བསྐྱེད་རྫོགས་གསུམ་གྱི་སྒྲུབ་ལུགས་ལྔ་ནི། བཀའ་བརྒྱད་བདེ་གཤེགས་འདུས་པའི་ཆོས་སྐོར་ལ་རྒྱུད་ལུང་མན་ངག་གསུམ་གྱི་ཆོས་སྡེ་བརྒྱ་དང་སུམ་ཅུར་གྲགས་པའི་ཡ་གྱལ། མན་ངག་གི་སྐོར་ལ། ཕྱི་བཤད་ཐབས་གསལ་བྱེད་ཀྱི་མན་ངག ནང་སྒྲུབ་ཐབས་གསལ་བྱེད་ཀྱི་མན་ངག གསང་བ་ཉམས་ལེན་གསལ་བྱེད་ཀྱི་མན་ངག་གསུམ་དུ་ཕྱེ་བའི་གསུམ་པ་ལ་ཆོས་ཚན་ཉེར་ལྔར་བཞུགས་པའི་ཡ་གྱལ་ཞིག་སྟེ། བཀའ་བརྒྱད་རྣམ་བཤད་ལས། གསང་བ་ཉམས་ལེན་གསལ་བར་བྱེད་པའི་མན་ངག་ལ། ཆོས་ཚན་ཉེར་ལྔ་སྟེ། བསྐྱེད་རྫོགས་གསུམ་གྱི་སྒྲུབ་ལུགས་ལྔ། སྔགས་ཀྱི་ཡན་ལག་ལྔ། ཐུན་མོང་གི་རྣལ་འབྱོར་ལྔ། ཁྱད་པར་གྱི་རྫོགས་རིམ་ལྔ། སྐུ་གསུམ་གྱི་གཟེར་ལྔའོ། །ཞེས་དང་། དང་པོ་སྒྲུབ་ལུགས་ལྔ་ནི། བསྐྱེད་པ་མ་ཧཱ་ཡོ་གར་སྒྲུབ་པ། རྫོགས་པ་ཨ་ནུ་ཡོ་གར་སྒྲུབ་པ། རྫོགས་ཆེན་ཨ་ཏི་ཡོ་གར་སྒྲུབ་པ། འདོད་ཆགས་ཅན་ཞི་བ་ལ་བརྟེན་ཏེ་སྒྲུབ་པ། ཞེ་སྡང་ཅན་ཁྲོ་བོ་ལ་བརྟེན་ཏེ་སྒྲུབ་པ་ལྔའོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:བསྐྱེད་རྫོགས་གསུམ་གྱི་སྒྲུབ་ལུགས་ལྔ་

|; |@@@ | | }}