44261
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། རྫོགས་ཆེན། རྙིང་མ། གདུལ་དཀའ་བ་ལྔའི་ཡ་གྱལ་བསྐྱེད་རྫོགས་རྣམ་གཉིས་ཀྱི་གདུལ་དཀའ་བ་སྟེ། འདི་ལའང་བསྐྱེད་པ་མ་ཧཱ་ཡོ་གའི་གདུལ་དཀའ་བ་གཉིས་དང་། རྫོགས་པ་ཨ་ནུ་ཡོ་གའི་གདུལ་དཀའ་བ་བཅས་སུ་གསུངས་ཏེ། ཉི་ཟླ་འབར་བའི་སྒྲོན་མ་ལས། མ་ཧཱ་ཡོ་གའི་གདུལ་དཀའ་བ་ནི་གཉིས་ཏེ། སྔོན་བྱུང་གི་གདུལ་དཀའ་བ་དང་། རྗེས་འཇུག་གི་གདུལ་དཀའ་བ་གཉིས་སོ། །སྔོན་བྱུང་གི་གདུལ་དཀའ་བ་ནི་རུ་དྲ་ཐར་པ་ནག་པོ་ལྟ་བུའོ། །རྗེས་འཇུག་གི་གདུལ་དཀའ་བ་ནི་གསང་སྔགས་ཀྱི་ལྟ་བ་ལོག་པའི་སྔགས་པ་ངན་སེམས་ཅན་དམ་ཚིག་མེད་པ་རྣམས་སོ། །ཡང་ན། མ་ཧཱའི་གདུལ་དཀའ་བ་ནི་ཉོན་མོངས་པ་ལྔ་དང་ཕུང་པོ་ལྔའོ། །ཨ་ནུ་ཡོ་གའི་གདུལ་དཀའ་བ་ནི་དུག་རྣམ་པ་ལྔ་དབྱིངས་དང་ཡེ་ཤེས་གཉིས་སུ་བཟུང་བའོ། །ཞེས་གསུངས། |
Domain | [ཆོས་ལུགས།, ལྟ་གྲུབ།] |
{{#arraymap:བསྐྱེད་རྫོགས་རྣམ་གཉིས་ཀྱི་གདུལ་དཀའ་བ་
|; |@@@ | | }}