44262
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་རྒྱུད་དུ། རིམ་པ་གཉིས་སྒོམ་ཚུལ་གསལ་ཞིང་རྒྱས་པར་གསུངས་པས། གུར་དུ། ཐ་མལ་ང་རྒྱལ་གཞོམ་དོན་དུ། །སྒོམ་པ་ཡང་དག་རབ་ཏུ་བསྒྲགས། །ཞེས་པས། སྦྱང་བྱ་ཐ་མལ་གྱི་རྣམ་རྟོག་སྤང་བའི་ཕྱིར་བསྐྱེད་རིམ་དང། གྱ་ནོམ་པའི་ལྷར་ཞེན་པ་སྤང་བའི་ཕྱིར་རྫོགས་རིམ་སྒོམ་པ་དང། འདུས་པའི་རྒྱུད་ཕྱིར་མར། ཐུན་མོང་མཆོག་གི་དབྱེ་བ་ཡིས། །སྒྲུབ་ཐབས་རྣམ་པ་གཉིས་སུ་འགྱུར། །ཞེས་དངོས་གྲུབ་སྒྲུབ་པའི་རིམ་པ་གཉིས་སྒོམ་པ་དང། ཡང་མེ་ཏོག་མེད་ན་དྲི་མི་འབྱུང་བ་ལྟར་རྟེན་བསྐྱེད་རིམ་མེད་ན་བརྟེན་པ་རྫོགས་རིམ་མི་འབྱུང་བས། རྟེན་དང་བརྟེན་པའི་ཚུལ་གྱི་སྒོམ་པ་ཡིན་ལ། དེ་ཡང་སེམས་ཅན་སྐྱེ་པའི་རིམ་པ་ལྟར་བསྐྱེད་རིམ་དང། འཆི་བའི་རིམ་པ་ལྟར་རྫོགས་རིམ་སྒོམ་ཚུལ་རིམ་པ་ལྟར་གསུངས་ཤིང། རྣལ་འབྱོར་མའི་རྒྱུད་རྣམས་སུ། གཙོ་ཆེར་མངལ་དུ་ལུས་ཆགས་པའི་རིམ་པ་ལྟར་བསྐྱེད་རིམ་དང། ལུས་ལ་གནས་པའི་རྩ་དང་རླུང་དང་ཁམས་དང་དེ་རྣམས་ལ་རྟེན་པའི་དགའ་བ་བཞི་སྒྲིབ་བྲལ་དུ་སྦྱོང་བའི་ཐབས་ལ་རྫོགས་རིམ་དུ་གསུངས་ཤིང། བསྐྱེད་རྫོགས་གཉིས་ཀྱི་མིང་དོན་ཀྱང་མཆོག་གི་དངོས་གྲུབ་ལ་བྲོད་པ་བསྐྱེད་པའི་ཕྱིར་རིམ་གྱིས་སྒོམ་པའི་བསྐྱེད་རིམ་དང། མཆོག་གི་དངོས་གྲུབ་དེ་ཉིད་མངོན་དུ་འགྱུར་པའི་ཐབས་རིམ་གྱིས་སྒོམ་པས་རྫོགས་རིམ་ཞེས་པ་དང། ཉི་ཟླ་དང་ཕྱག་མཚན་ས་བོན་ལ་སོགས་ལས་རིམ་གྱིས་བསྐྱེད་པས་བསྐྱེད་རིམ་དང། རྫོགས་པ་སྟོང་པ་ཆེན་པོའི་ཡེ་ཤེས་རིམ་གྱིས་མངོན་དུ་བྱེད་པས་རྫོགས་རིམ་ཞེས་པ་དང། ཀྱེ་རྡོ་རྗེ་རྒྱུད་ཀྱི་དགོངས་པ་རྗེ་བཙུན་གོང་མ་རྣམས་ཀྱི་བཞེད་ཚུལ་ནི། སྒྲུབ་ཆེན་པའི་དབང་གི་མན་ངག་དང་མཐུན་པར་དཀྱིལ་འཁོར་གྱི་ལྷ་རྟེན་དང་བརྟེན་པའི་རྣམ་པར་བསྐྱེད་པ་དེ་བསྙེན་སྒྲུབ་ཡན་ལག་བཞིས་རིམ་གྱིས་གསལ་འདེབས་པས་བསྐྱེེད་རིམ། རྡོ་རྗེའི་ལུས་ལ་རྩ་དང་ཡི་གེ་དང་ཁམས་བདུད་རྩིའི་དཀྱིལ་འཁོར་རང་བཞིན་གྱིས་གྲུབ་ཟིན་པ་དེ་རིམ་གྱིས་སྒོམ་པས་རྫོགས་རིམ་ཞེས་ལམ་ཉམས་སུ་ལེན་པའི་ཚུལ་སྦྱར་ནས་ཐ་སྙད་མཛད་པ་ཡིན་ནོ་ཞེས་སྤོས་ཁང་པའི་སྡོམ་གསུམ་རྣམ་བཤད་གཞུང་ལུགས་ལེགས་བཤད་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:བསྐྱེད་རྫོགས་སྒོམ་རིམ་
|; |@@@ | | }}