44286
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། འདུལ་བ། དགེ་སློང་གིས་དགེ་འདུན་དབང་བའི་གནས་ནས་དགེ་སློང་གཞན་རང་ངམ་བསྐོས་པས་བསྐྲད་དེ་ཉེ་འཁོར་འདས་པ་ལས་གྱུར་བའི་ལྟུང་བ་ཞིག་ལ་ཟེར། དེའི་ངོ་ཏི་ནི། པཎ་ཆེན་འདུལ་བ་ལས། དགེ་སློང་གཞན་དགེ་འདུན་གྱི་གནས་ནས་བསྐྲད་དེ་ཉེ་འཁོར་འདས་པ་ན་དེར་འགྱུར་བའི་ཕྱིར། གླེང་གཞི་ནི། མཉན་ཡོད་ན་འཆར་ཀས་ལྗོངས་རྒྱུ་ཞིང་སོང་ནས་རི་བྲག་གི་གཙུག་ལག་ཁང་ནས་དགེ་སློང་བསྐྲད་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིགས་ལ་གནོད་པའོ། །ཞེས་གསུངས། |
Domain | ཆོས་ལུགས། |
{{#arraymap:བསྐྲོད་པའི་ལྟུང་བྱེད་
|; |@@@ | | }}