4429

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྲག་ཚབས་གོར་པ་ (1)
Part of speech མིང་ཚིག
Definition མོ་ནད་ཁྲག་ཚབས་བཅུའི་ནང་ཚན་དུ་གྱུར་ཞིང་ནད་ཀྱི་རྟགས་ལ་ལྟོས་ནས་བཏགས་པའི་བུད་མེད་ཀྱི་མངལ་དུ་ཟླ་མཚན་འགྱིང་བའི་ནད་ཀྱི་མིང་སྟེ། བཀྲ་འབུམ་པས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། ཁྲག་ཚབས་གོར་པ་ནི། མངལ་དུ་ཟླ་མཚན་འགྱིང་ནས་ཞོ་ལྟར་ཆགས་ཏེ་སྐབས་འགར་བུ་སྣོད་ནང་དུ་གོར་གོར་ལྟ་བུ་ཞིག་འདྲིལ་བའི་ཉམས་བྱེད་པས་ན་མིང་ཡང་དེ་ལྟར་དུ་གྲགས་སོ། །ཞེས་གསུངས་པ་ལྟར་རོ། །
Domain གསོ་རིག

{{#arraymap:ཁྲག་ཚབས་གོར་པ་

|; |@@@ | | }}