44300

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྒོ་གྱུར་གྱི་ལྟུང་བ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ལྟུང་བ་དངོས་གཞི་སྐྱེ་བ་ལ་བཞམས་བསྒོ་དང་གསོལ་བཞིའི་ལས་ཀྱིས་བཟློག་པ་སོགས་སྔོན་དུ་འགྲོ་དགོས་པའི་ལྟུང་བ་ཞིག་ལ་ཟེར། དེ་ཡང་པཎ་ཆེན་འདུལ་བ་ལས། དེ་རྣམས་ཀྱི་ལྷུང་བ་དངོས་གཞི་རྫོགས་པར་བསྐྱེད་པ་བཟློག་བསྒོ་ལ་ལྟོས་དགོས་པས་དེ་ལྟར་བཤད་པའི་ཕྱིར། དེ་དབྱེ་ན་སྤྱིར་བསྒོ་གྱུར་གྱི་ལྟུང་བ་དེ་ལ་བཅུ་ཡོད་ཅིང་། དེ་རྣམས་ཀྱི་དོགས་དཔྱོད་ཐུན་མོང་དུ་འཆད་པའི་དབང་དུ་བྱས་ནས་མདོར། བཟློག་པའི་ཚུལ་གྱིས་མི་གཏོང་བར་རྗེས་སུ་སྒྲུབ་པའི་རང་བཞིན་ནི་རྗེས་སུ་མཐུན་ནོ། །གསོལ་བ་ནི་བཟློག་པ་དང་འདྲ་བ་ཉིད་དོ། །ཚིག་གི་སྐད་ཅིག་མ་གཅིག་ཉིད་དོ། །བཟླས་པ་ནི་ཐ་དད་པ་ཉིད་དོ། །མཇུག་བསྡུས་པ་ནི་མ་ཡིན་ནོ། །ཞེས་སོགས་གསུངས། མདོ་དེས་བསྟན་ཚུལ་ཡོད་དེ། བསྒོ་གྱུར་གྱི་དངོས་གཞིའི་ལྟུང་བ་བཅུ་པོ་ཐམས་ཅད་བཞམས་བསྒོ་སོགས་ཀྱི་ཟློག་པ་ལྔ་སྔོན་དུ་འགྲོ་དགོས་པར་མཐུན་པ་དང་། བཟློག་པ་ལྔའི་གནས་སྐབས་སུ་ལྟུང་བ་སྦོམ་པོ་བསྐྱེད་པར་མཐུན་པ་དང་། མཇུག་སྡུད་རྗོད་པ་ཐམས་ཅད་ལ་ལྟུང་བ་ཟུར་པ་མི་སྐྱེད་པ་རྣམས་བསྟན་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།

{{#arraymap:བསྒོ་གྱུར་གྱི་ལྟུང་བ་

|; |@@@ | | }}