44304

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྒོ་བ་རྣ་ལ་གཟོན་པའི་ལྟུང་བྱེད་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ལྟུང་བྱེད་འབའ་ཞིག་པ་དགུ་བཅུའི་ནང་གསེས་ཤིག་སྟེ། གླེང་གཞི་ནི་ཡུལ་ཀོའུ་ཤམ་བྷིའི་གདངས་ཅན་གྱི་ཀུན་དགའ་ར་བར་འདུན་པས་བསྒོ་བ་རྣ་ལ་གཟོན་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་དངོས་སུ་རང་རིགས་ཀྱི་སེམས་བདེ་བ་ལ་གནོད་པ་དང་། བརྒྱུད་ནས་ཚུལ་ཁྲིམས་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་ལ་དགེ་སློང་གི་ཆོས་དང་ལྡན་པར་བསྒོ་བ་ལ་ལན་ལོག་སྨྲ་བའམ། དགེ་སློང་གིས་དྲིས་པ་ལ་ལན་ལོག་སྨྲ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། ངོ་བོ་ནི། དགེ་འདུན་གྱི་ཕྱིར་བཅོས་ལ་འགོད་པའི་ཕྱིར་ལྟུང་བ་གླེང་བ་ན་མི་ཉན་པར་ལན་གཞན་དུ་བརྗོད་པའི་བཅས་པའི་ཁ་ན་མ་ཐོ་བའོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།