44315
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རེས་འགའ་སེམས་དེ་གནས་ཤིང་བརྟན་ལ་བལྟ། ། སྐྱེ་འགགས་གནས་གསུམ་བྲལ་བར་སུས་ཤེས་པ། ། སེམས་ཉིད་རང་དབང་ཐོབ་པར་གོམས་པའི་གནད། ། རེས་འགའ་དེ་འདུས་ཉམས་མྱོང་རང་ངོ་བལྟ། ། མི་གནས་ཆགས་ཡུལ་མེད་པར་སུས་ཤེས་པ། ། དགའ་བྲོད་རང་སྣང་སྐྱེ་མེད་རྟོགས་པའི་གནད། ། རེས་འགའ་ཡོན་ཏན་གོང་འཕེལ་རྣམས་ལ་བལྟ། ། མ་འགགས་ཆོ་འཕྲུལ་རང་གྲོལ་སུ་ཤེས་པ། ། སྐྱེ་མེད་ཡོན་ཏན་འབྱུང་བ་སྤྱོད་པའི་གནད། ། རེས་འགའ་མཉམ་གཞག་ཆོས་ཉིད་དོན་ལ་བལྟ། ། རང་བྱུང་བདེ་ཆེན་ཡེ་དག་སུས་ཤེས་པ། ། ཆོས་ཀུན་མཉམ་ཉིད་ལམ་དུ་སློང་བའི་གནད། ། རེས་འགའ་ཕྱི་ནང་རིག་པ་རང་བབས་བལྟ། ། འཁོར་བ་གཟུང་འཛིན་བྲལ་བ་སུས་ཤེས་པ། ། དོན་དམ་ཉག་ཅིག་རྩད་ནས་ཆོད་པའི་གནད། ། རེས་འགའ་མ་བསྒོམས་རིག་པ་རང་བབས་བལྟ། ། ལྟ་སྒོམ་བྱང་མེད་ཟང་ཀ་སུས་ཤེས་པ། ། ཆོས་སྐུ་རང་ངོ་ཅེར་མཐོང་སྤྲོད་པའི་གནད། ། གནད་དྲུག་ལྡན་པའི་སྐལ་བཟང་རྣལ་འབྱོར་པ། ། ཆོས་ཟད་ངང་དུ་བློ་ཟད་ཉམས་རེ་དགའ། ། |
| Domain | ཆོས་ལུགས། |