44326

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྒོམ་པ་ལ་རབ་ཏུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སོ་དགུ་ (1)
Part of speech མིང་ཚིག
Definition འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་རྒྱ་ཆེར་འགྲེལ་པ་ཞེས་བྱ་བ་ལས་བྱུང་བ་སྟེ། ༡ རང་གི་གནས། ༢ ཤིན་ཏུ་ཚོར་བ། ༣ ཤིན་ཏུ་གནས་པ། ༤ ཤིན་ཏུ་རྣམ་པར་བྱང་བ། ༥ བརྩོན་འགྲུས་ཤིན་ཏུ་གཉེན་པོར་གྱུར་པ། ༦ བརྩོན་འགྲུས་ཤིན་ཏུ་སྦྱངས་པ། ༧ བརྩོན་འགྲུས་ཐོབ་པ། ༨ བརྩོན་འགྲུས་ཤིན་ཏུ་བརྟན་པ། ༩ མོས་པ་ཤིན་ཏུ་གནས་པའི་བརྩོན་འགྲུས། ༡༠ བརྩོན་འགྲུས་ལ་ཤིན་ཏུ་གནས་པ། ༡༡ སེམས་ལ་ཤིན་ཏུ་གནས་པ། ༡༢ དཔྱོད་པ་ལ་ཤིན་ཏུ་གནས་པ། ༡༣ དད་པའི་མཆོག ༡༤ བརྩོན་འགྲུས་ཀྱི་མཆོག ༡༥ དྲན་པའི་མཆོག ༡༦ ཏིང་ངེ་འཛིན་གྱི་མཆོག ༡༧ ཤེས་རབ་ཀྱི་མཆོག ༡༨ དད་པ་མི་ཚུགས་པ། ༡༩ བརྩོན་འགྲུས་མི་ཚུགས་པ། ༢༠ དྲན་པ་མི་ཚུགས་པ། ༢༡ ཏིང་ངེ་འཛིན་མི་ཚུགས་པ། ༢༢ ཤེས་རབ་མི་ཚུགས་པ། ༢༣ དྲན་པ་ཤིན་ཏུ་འབྲེལ་པ། ༢༤ རབ་ཏུ་ཤེས་པ་ཤིན་ཏུ་འབྲེལ་པ། ༢༥ བརྩོན་འགྲུས་ཤིན་ཏུ་འབྲེལ་པ། ༢༦ དགའ་བ་ཤིན་ཏུ་འབྲེལ་པ། ༢༧ བག་ཡངས་ཤིན་ཏུ་འབྲེལ་པ། ༢༨ ཏིང་ངེ་འཛིན་ཤིན་ཏུ་འབྲེལ་པ། ༢༩ བཏང་སྙོམས་ཤིན་ཏུ་འབྲེལ་པ། ༣༠ རྣམ་པར་མི་རྟོག་པ། ༣༡ ཤིན་ཏུ་རྟོག་པ། ༣༢ དུལ་བ། ༣༣ ཞི་བ། ༣༤ རབ་ཏུ་ཞི་བ། ༣༥ ཤིན་ཏུ་འབྱུང་བ། ༣༦ དགའ་བ་དང་ལྡན་པ། ༣༧ མཐུ་ཆེ་བ། ༣༨ བསྡུས་པའི་རྣལ་འབྱོར་ལ་ཞུགས་པ། ༣༩ སྤྲོས་པའི་རྣལ་འབྱོར་ལ་ཞུགས་པ་བཅས་སོ། །
Domain ཆོས་ལུགས།