44330
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། ༡ གང་ཟག་གང་ནན་གྱིས་འཇུག་པའི་ཡིད་ལ་བྱེད་པ་ཐོབ་པ་ཡང་ཡོད་དོ། །དེ་ལ་དེ་ནི་སྐྱེས་བུ་ཐ་མའོ། ། ༢ གང་བར་ཆད་པ་དང་བཅས་པར་འཇུག་པའམ་གང་བར་མི་ཆད་པར་འཇུག་པ་ཡང་རུང་སྟེ། རྩོལ་བ་དང་བཅས་པས་འཇུག་པའི་ཡིད་ལ་བྱེད་པ་ཐོབ་པ་ཡང་ཡོད་དོ། །དེ་ལ་དེ་ནི་སྐྱེས་བུ་འབྲིང་ངོ་། ། ༣ རང་གི་ངང་གིས་འཇུག་པའི་ཡིད་ལ་བྱེད་པ་ཐོབ་པ་ཡང་ཡོད་དོ། །དེ་ལ་དེ་ནི་སྐྱེས་བུ་མཆོག་གོ ། |
| Domain | ཆོས་ལུགས། |