44336
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྣལ་འབྱོར་སྤྱོད་པའི་ས་ལས་ཉན་ཐོས་ཀྱི་ས་ལས་བྱུང་བ་སྟེ། ༡ བསྒོམ་པས་ཆོས་ཁ་ཅིག་ཐོབ་པར་བྱེད་པ་ནི། དེ་ལ་རེ་ཞིག་དགེ་བའི་ཆོས་ཁྱད་པར་ཅན་མ་ཐོབ་པ་གང་དག་ཡིན་པ་དེ་དག་ནི་ཐོབ་པར་བྱེད་དོ། ། ༢ བསྒོམ་པས་ཆོས་ཁ་ཅིག་སྟེན་པར་བྱེད་པ་ནི། ཐོབ་ཅིང་མངོན་སུམ་དུ་གྱུར་པ་གང་དག་ཡིན་པ་དེ་དག་ནི་སྟེན་པར་བྱེད་དོ། ། ༣ བསྒོམ་པས་ཆོས་ཁ་ཅིག་རྣ་པར་སྦྱོང་བར་བྱེད་པ་ནི། དེ་ལ་ཐོབ་པ་མངོན་དུ་གྱུར་པ་མ་ཡིན་པ་གང་དག་ཡིན་པ་དེ་དག་ནི་དེ་དང་རིགས་མཐུན་པའི་ཆོས་རྣམས་བསྟན་པ་དག་གིས་ཕྱིས་མངོན་སུམ་དུ་བྱེད་པ་ན་ཤིན་ཏུ་ཡོངས་སུ་དག་པ་དང༌། ཤིན་ཏུ་ཡོངས་སུ་བྱང་བ་སྐྱེ་བར་བྱེད་དོ། ། ༤ བསྒོམ་པས་ཆོས་ཁ་ཅིག་སེལ་བར་བྱེད་པ་ནི། དེ་ལ་བརྗེད་ངས་པས་ཉོན་མོངས་པ་ཅན་གྱི་ཆོས་ཀུན་དུ་འབྱུང་བ་གང་དག་ཡིན་པ་དེ་དག་ནི་དགེ་བའི་ཆོས་ལ་གོམས་པར་བྱས་པའི་སྟོབས་ཀྱིས་དང་དུ་མི་ལེན་ཅིང་སྤོང་བར་བྱེད། སེལ་བར་བྱེད། བྱང་བར་བྱེད་དོ། ། ༥ བསྒོམ་པས་ཆོས་ཁ་ཅིག་ཡོངས་སུ་ཤེས་པར་བྱེད་པ་ནི། དེ་ལ་སྤང་བར་བྱ་བའི་ཆོས་མ་སྐྱེས་པ་གང་དག་ཡིན་པ་དེ་དག་ལ་ནི་ནད་ལྟ་བུར་ཡོངས་སུ་ཤེས་པར་བྱེད་ཅིང་སུན་འབྱིན་པར་བྱེད་པ་དང༌། འབྲས་ལྟ་བུ་དང༌། ཟུག་རྔུ་ལྟ་བུ་དང༌། སྡིག་པ་དང༌། མི་རྟག་པ་དང༌། སྡུག་བསྔལ་བ་དང༌། སྟོང་པ་དང༌། བདག་མེད་པར་ཡོངས་སུ་ཤེས་པར་བྱེད་ཅིང་སུན་འབྱིན་པར་བྱེད་དོ། ། ༦ བསྒོམ་པས་ཆོས་ཁ་ཅིག་སྤོང་བར་བྱེད་པ་ནི། དེ་ཡོངས་སུ་ཤེས་ཤིང་གོམས་པར་བྱས་པས་ཉོན་མོངས་པ་རྣམས་སྤང་བའི་ཕྱིར། བར་ཆད་མེད་པའི་ལམ་སྐྱེ་བར་བྱེད་ཅིང་དེས་སྤོང་བར་བྱེད་དོ། ། ༧ བསྒོམ་པས་ཆོས་ཁ་ཅིག་མངོན་སུམ་དུ་བྱེད་པ་ནི། སྤངས་པས་ན་རྣམ་པར་གྲོལ་བ་མངོན་སུམ་དུ་བྱེད་དོ། ། ༨ བསྒོམ་པས་ཆོས་ཁ་ཅིག་ཐག་རིང་དུ་བྱེད་པ་ནི། ཇི་ལྟ་ཇི་ལྟར་ས་གོང་མ་དག་གནོན་པར་བྱེད་པ་དེ་ལྟ་དེ་ལྟར་མཐར་ཐུག་གྱི་བར་དུ་ས་འོག་མ་པའི་ཆོས་སྤངས་པ་རྣམས་ཐག་རིང་དུ་བྱེད་པའོ། ། |
| Domain | ཆོས་ལུགས། |