44342

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྒོམ་པར་བྱ་བའི་སེམས་ཀྱི་ཁམས་བཅུ་བཞི་ (1)
Part of speech མིང་ཚིག
Definition འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལས་བྱུང་བ་སྟེ། ༡ མོས་པ། ༢ བརྩོན་འགྲུས། ༣ རབ་ཏུ་ཞི་བ། ༤ སློབ་དཔོན་ལ་བསྙེན་བཀུར་བ། ༥ སྡིག་པའི་གྲོགས་པོ་ཡོངས་སུ་སྤངས་པ། ༦ སངས་རྒྱས་ཀྱི་གསུང་ལ་གོམས་པ། ༧ ཚུལ་བཞིན་ཡིད་ལ་བྱེད་པ་གོམས་པ། ༨ རྒོད་པ་ཡོངས་སུ་སྤངས་པ། ༩ ཆོས་དང༌། ཆོས་མ་ཡིན་པའི་རྒྱུ་དང་འབྲས་བུ་ལ་དད་པ། ༡༠ སྔོན་གྱི་འདོད་པ་བརྗེད་པ། ༡༡ བུད་མེད་ལ་ལྟ་བ་ཡོངས་སུ་སྤངས་པ། ༡༢ གཉེན་ལ་ལྟ་ཞིང་ལྷག་པར་སྤྱོད་པ་མེད་པ། ༡༣ ཡུལ་ཐམས་ཅད་ཡང་དག་པར་བཟུང་བ། ༡༤ སྐྱེ་བ་དང༌། འཆི་བའི་འཇིགས་པ་ཡིན་པ་བ་བཅས་སོ། །
Domain ཆོས་ལུགས།