44345

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྒོམ་བྱའི་རྣམ་པ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། དབུ་མ་པ། བྱང་སེམས་ཀྱི་རྒྱུད་ཀྱི་སྦྱོར་བའི་བསྒོམ་བྱའི་ཡུལ་ཞིག་ལ་བསྒོམ་བྱའི་རྣམ་པ་ཞེས་འཇོག མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་རྩ་ཊཱིཀ་ལས། གཞི་བདེན་པ་བཞིའི་སྟེང་གི་མི་རྟག་སོགས་བཅུ་དྲུག་ཤེས་པའི་ཡེ་ཤེས་ཀྱི་བྱེ་བྲག་རྣམས་མི་མཐུན་པའི་ཕྱོགས་དེའི་ལོག་ཕྱོགས་ཀྱི་རྣམ་པ་ལེགས་པར་ཤར་བའི་སྒོ་ནས་དེ་དག་འཇོམས་པར་བྱེད་པ་ཞེས་བྱ་བའི་སེམས་དཔའི་རྣལ་འབྱོར་ནི་ཆོས་ཅན། འདིར་བསྟན་གཙོ་བོར་གྱུར་པའི་སྒོམ་བྱེད་གཉེན་པོའི་མཚན་ཉིད་ཡིན་ཏེ། དེའི་འཇོག་བྱེད་ཡིན་པའི་ཕྱིར། ཞེས་གསུངས། དབྱེ་ན་མཁྱེན་པ་གསུམ་གྱི་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ།
Domain ཆོས་ལུགས།