44376
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། རང་རྒྱུད་པ། རབ་ཏུ་གྲགས་པའི་ཡི་གེ་ངན་པ་མ་གྲགས་པའི་དོན་ཟབ་མོ་སྟོན་བྱེད་དུ་བསྒྱུར་པའི་དྲང་དོན་གྱི་མདོ་ཞིག་ལ་བསྒྱུར་བ་ལྡེམ་དགོངས་ཀྱི་མདོ་ཞེས་བརྗོད། དེ་ལྟར་ཡང་པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། བཞི་པ་བསྒྱུར་བ་ལ་ལྡེམ་པོར་དགོངས་པ་ནི། རབ་ཏུ་གྲགས་པའི་ཡི་གེ་ངན་པ་མ་གྲགས་པའི་དོན་ཟབ་མོ་སྟོན་བྱེད་དུ་བསྒྱུར་བ་སྟེ། སྙིང་པོ་མེད་ལ་སྙིང་པོ་ཤེས། །ཕྱིན་ཅི་ལོག་ལ་ལེགས་པར་གནས། །ཉོན་མོངས་པས་ནི་རབ་ཉོན་མོངས། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །ཞེས་པའི་མདོ་ལྟ་བུ། དེ་ཡང་སྙིང་པོ་ནི་རྣམ་གཡེང་དང་ཚུལ་འཆལ་ཡིན་ལ། དེ་གཉིས་མེད་པའི་ལྷག་པ་ཏིང་ངེ་འཛིན་དང་ཚུལ་ཁྲིམས་ཀྱི་བསླབ་པ་གཉིས་དང། གཙང་བདེ་རྟག་བདག་ཏུ་འཛིན་པ་ལས་ཕྱིན་ཅི་ལོག་པ་མི་རྟག་སོགས་རྟོགས་པའི་ཤེས་རབ་ཀྱི་བསླབ་པ་དང། གཞན་དོན་དཀའ་སྤྱད་ཀྱི་ཉོན་མོངས་པ་ནི་བསོད་ནམས་ཀྱི་ཚོགས་ཆེན་པོ་ལ་འབད་པ་སྟེ། དེ་ལྟར་ཚོགས་གཉིས་ལ་འབད་པས་མྱུར་དུ་བྱང་ཆུབ་ཐོབ་པར་བསྟན་པའོ། །ཞེས་གསུངས་སོ། ། |
| Domain | ཆོས་ལུགས། |