44381

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྒྱུར་བའི་སྒྲ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། ཡི་གེའི་སྒྲ་རྣམ་པ་བཞིའི་ཡ་གྱལ་ཞིག་སྟེ། འདིའི་དོན་གཟི་ལྡན་འཆར་ཁའི་འོད་སྣང་ལས། བསྒྱུར་བའི་སྒྲ་གང་ཞེ་ན། འདི་ལྟ༷་སྟེ། ཡི་གེ་ཨ་ལྟ་བུ་དངོས་པོ་གང་ཞིག་ལ་ཡན་ལག་གང་དང་གང་དུ་བསྒྱུར་ནས་ཨཱོཾ་ལ་སོགས་པའི་སྒྲ་ཡི་ཁྱད་པར་ངེས་དོན་གྱི་དབང་དུ་ཐུགས་དང་གསུང་ཆོས་ཀྱི་འབྱུང་གནས་དང༌། དྲག་པོ་དང་སྐུ་ཞེས་བཞི་པོ་ཐ་དད་པར་བྱུང་པ་ལྟ་བུར་མཚོན་པའི་ཁྱད་པར་ཨཱོཾ་དང་ཨཱྃ་དང་ཨེ་དང་ཨཱོ་ཞེས་པའི་ཚིག་གི་རྣམ་གྲངས་ཐ་དད་པར་འགྱུར་བ་ལྟ་བུ་སྟེ་གཞན་ཡང་རྗེས་སུ་མཐུན་པའོ། །ཞེས་གསུངས།
Domain ཆོས་ལུགས།