44383

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྒྱུར་བོན་ (1)
Part of speech མིང་ཚིག
Definition བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་ནས་གླང་དར་མའི་བར་པཎྜི་ཏ་ཤམ་ཐབས་སྔོན་པོ་ཅན་དང༌། རྒྱལ་བའི་བྱང་ཆུབ་དང་གཤེན་སྒུར་ཀླུ་དགའ་སོགས་ཀྱིས་ནང་པའི་ཆོས་ལུགས་ཁག་བོན་དུ་བསྒྱུར་པའི་ལུགས་ལ་ཟེར། བསྒྱུར་བོན་ལ་ཆབ་དཀར་ཟེར་ཏེ་འབྲས་བུའི་བོན་ཞེས་ཀྱང་ཟེར། བོན་ལུགས་ཀྱི་གླེགས་བམ་རྣམས་དུས་འདི་ནས་བྱུང་བར་བཤད། འདི་ནི་བོད་ཀྱི་ནང་པ་སངས་རྒྱས་པའི་མཁས་པ་དག་གི་གསུང་ཚུལ་ལས་བོན་གྱི་ལོ་རྒྱུས་སུ་མེད།
Domain ཆོས་ལུགས།
བསྒྱུར་བོན་ (2)
Part of speech མིང་ཚིག
Definition དུས་རབས་བརྒྱད་པའི་སྐབས་བོན་པོ་རྒྱ་བོ་བྱང་ཆུབ་ཀྱིས་སངས་རྒྱས་པའི་ཆོས་ཁ་བསྒྱུར་བྱས་ནས་བོན་ལུགས་དང་བསྲེས་ཏེ་བརྩམས་པའི་བོན་གཞུང་དེ་དག་གི་རྗེས་འབྲང་རྣམས་ལ་བཤད། འདི་ནི་བོད་ཀྱི་ནང་པ་སངས་རྒྱས་པའི་མཁས་པ་དག་གི་གསུང་ཚུལ་ལས་བོན་གྱི་ལོ་རྒྱུས་སུ་མེད།