44403
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན། བསྟན་འགྲོའི་དོན་ལ་རབ་ཏུ་འཚེ་ཞིང་ལོག་པའི་སེམས་ཅན་གདུག་པ་ཅན་རྣམས་དང་། རྣམ་སྨིན་སྡུག་བསྔལ་གྱིས་མནར་བ་རབ་ཏུ་ཆེ་ཞིང་རིང་བའི་ངན་འགྲོ་རྣམས་སོ། །དེ་དག་བསྒྲལ་བའི་ཞིང་དུ་ཅིའི་ཕྱིར་བཞག་ཅེ་ན། དེ་རྣམས་ཀྱང་གནས་སྐབས་སུ་ལོག་པར་སྤྱོད་པ་དང་བཟོད་མེད་སྡུག་བསྔལ་གྱི་མནར་བ་ཚན་པོ་ཆེ་དེ་དག་ལས་བསྒྲལ་ཞིང་ཐར་ཏེ། དལ་འབྱོར་གྱི་རྟེན་ནས་ཐར་ལམ་རིམ་བརྒྱུད་དང་མཐར་ཐུག་བདེ་ཆེན་གྱི་ས་རུ་འཐོབ་ཕྱིར་དུ། བདེ་བར་གཤེགས་པ་མཁྱེན་བརྩེ་ནུས་གསུམ་གྱི་བདག་ཉིད་ཅན་གང་གི་ཐུགས་རྗེའི་ཐབས་བླ་ན་མེད་པའི་བསྒྲལ་བའི་ཞིང་དུ་བཞག་པའོ། ། |
| Domain | ཆོས་ལུགས། |