44434

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྒྲུབ་ཆོས་དགག་ཆོས་དངོས་འགལ་དུ་ངེས་པའི་ཚད་མ་ (1)
Part of speech མིང་ཚིག
Definition དེ་སྒྲུབ་ཀྱི་བསྒྲུབ་ཆོས་དང་དགག་གཉིས་རྣམ་བཅད་ཡོངས་གཅོད་སྒོ་ནས་དངོས་སུ་གཞི་མི་མཐུན་པ་གནས་པ་རྟོགས་པའི་སྒོ་ནས་དེ་ལ་འགལ་བའི་ཐ་སྙད་ཐོབ་པའི་ཚད་མ་ཞིག་ལ། བསྒྲུབ་བྱའི་ཆོས་དང་དགག་བྱའི་ཆོས་ཕན་ཚུན་སྤངས་འགལ་ལ་བརྟེན་པའི་དངོས་འགལ་དུ་ངེས་པའི་ཚད་མ་ཟེར། ཕྱི་རྒོལ་གྱི་ངོར་རྗེས་ཁྱབ་གྲུབ་པ་ལ་ངེས་པ་དུ་ཚད་མ་འདི་དེའི་རྒྱུད་ལ་སྐྱེས་པ་ཞིག་དགོས་ཏེ། དེ་མ་ཚང་ན་རྟགས་ཀྱི་མཚན་གཞི་ངེས་བྱེད་ཀྱི་ཚད་མ་དང་། དགག་བྱའི་ཆོས་ལ་རྟགས་འགོག་པའི་ཚད་མ་ཡོད་ཀྱང་རྟགས་དེ་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་ཡོད་པ་ངེས་མི་ནུས་པས་རྗེས་ཁྱབ་མི་གྲུབ་པ་ཡིན་ཏེ། རྒྱལ་ཚབ་དར་མ་རིན་ཆེན་གྱི་གསུང་རྣམ་ངེས་ཊཱིཀ་ཆེན་དགོངས་པ་རབ་གསལ་ལས། གཏན་ཚིགས་ཀྱི་མཚན་གཞི་ངེས་པའི་ཚད་མ་དང་། དགག་བྱའི་ཆོས་ལ་རྟགས་འགོག་པའི་ཚད་མ་དང། བསྒྲུབ་བྱའི་ཆོས་དང་དགག་བྱའི་ཆོས་ཕན་ཚུན་སྤངས་འགལ་ལ་བརྟེན་པའི་དངོས་འགལ་དུ་ངེས་པའི་ཚད་མ་དང་གསུམ་ངེས་པར་དགོས་ཏེ། ཞེས་དང། ཡང་རྟགས་ཀྱི་མཚན་གཞི་ངེས་པའི་ཚད་མ་དང་། དགག་བྱའི་ཆོས་ལ་རྟགས་འགོག་པའི་ཚད་མ་གཉིས་ཀྱིས་ཆོག་ན་དུང་དེ་སྔོན་པོ་ཁོ་ན་འཇུག་པར་ཐལ། དུང་ངེས་པའི་ཚད་མ་ཡོད་སེར་པོ་ལ་འཇུག་པ་ཁེགས་པའི་ཕྱིར། དེ་འདོད་མི་ནུས་པ་ནི་སྔོ་སེར་ཕན་ཚུན་སྤངས་འགལ་གྱི་དངོས་འགལ་དུ་མ་གྲུབ་པས་ཡིན་ནོ། ཞེས་གསུངས་པའི་ཕྱིར།
Domain ཚད་མ།